ཤ་བོ་སྐྱབས་ཀྱི་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་དུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-06-04 11:24:00 ཀློག་གྲངས།:


ཤ་བོ་སྐྱབས་ཀྱི་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་དུ་བསྡུས།

     2015ལོའི་ཟླ5བའི་ཚེས31ཉིན། ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཤ་བོ་སྐྱབས་ཀྱི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་ནས་གཟབ་རྒྱས་ངང་བསྡུས།
     ཐེངས་འདིའི་འགྲེམ་སྟོན་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་དང་ཀྲུང་གོའི་ཆོས་ལུགས་སློབ་ཚོགས། རིག་གནས་པུའུ་གུང་བང་སྒར་དོ་དམ་ལྟེ་གནས། མཚོ་སྔོན་ཞིང་ཆེན་རིག་གནས་ཐིན། པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་ཆོས་ལུགས་སྒྱུ་རྩལ་དྲ་ཚིགས་དང་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་མི་དམངས་སྲིད་གཞུང་། ཀྲུང་གོའི་བྱམས་བརྩེ་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ལྟེ་གནས། པེ་ཅིན་ཡན་ཧྲིན་ཙུང་དབྱི་རིག་གནས་འཕེལ་རྒྱས་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་། ཀྲུང་གོའི་ཆོས་ལུགས་སློབ་ཚོགས་བཅས་ཀྱིས་རིག་གཞུང་རྒྱབ་སྐྱོར་གནང་།


ཤ་བོ་སྐྱབས་ཀྱི་བརྩམས་ཆོས་ལ་གཟིགས་པ།

     རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ཨུ། ཀྲུང་གོ་ཆོས་ལུགས་སློབ་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲའོ་ཞིན་ཕིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཏང་ཨུ་ཧྲུའུ་ཅི། མགོ་གཙོ་གཞོན་པ། ཀྲུང་གོའི་ཆོས་ལུགས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚའོ་ཀྲུང་ཅན། རྒྱལ་ཡོངས་སྲིད་གྲོས་གྱི་ཨུ་ཡོན། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཁང་གི་མགོ་གཙོ། ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་ཁང་ཆོས་ལུགས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་མགོ་གཙོ་ཐེན་ཆིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཀྲུང་གོའི་ཆོས་ལུགས་དུས་དེབ་ཁང་གི་མགོ་གཙོ་ཧན་སུང་། པེ་ཅིན་གྲོང་ཁྱེར་རིག་གནས་ཅུའུ་ཡི་མགོ་གཙོ་ཧྲུའུ་ཞའོ་ཧྥིན། མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱི་མགོ་གཙོ་གཞོན་པ་ཁུན་རོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་གཙོ་མགོན་པོ་བཀྲ་ཤིས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་མཱ་མིན་ཧྲིན། གཞན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཐོག་ཁང་དམར་པོ་སློབ་ཚོགས། ཀྲུང་ཧྭ་དགེ་སེམས་སྤྱི་ཁྱབ་ཚོགས་པ། ཀྲུང་ཧྭ་དགེ་སེམས་རྒྱལ་སྤྱིའི་བརྗེ་རེས་ལྟེ་གནས། པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུའུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཆོས་ཀྱི་གསུང་དབྱངས་དུས་དེབ་ཁང་། ཧྥིན་ཧུང་འཁོར་སྐར་འཕྲིན་ལམ་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་འགན་ཁུར་མི་སྣ་མཛད་སྒོའི་སྟེང་ཞུགས།

ཤ་བོ་སྐྱབས་ཀྱི་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་སྒྱུ་རྩལ་རྟེན་མཛོད་ཁང་དུ་བསྡུས།
ཡུལ་དངོས་ཀྱི་ཟུར་ཞིག


ཤ་བོ་སྐྱབས་ཀྱི་བརྩམས་ཆོས།


ཤ་བོ་སྐྱབས་ཀྱི་བརྩམས་ཆོས།

     རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ། ཀྲུང་གོ་ཆོས་ལུགས་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཞིན་ཕིན་གྱིས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་ཐེངས་འདིའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལ་གཙོ་བོ་ཐང་ག་དང་འབག་སྐུ་གཙོ་བོ་ཡིན་པ་དང་། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཡང་བཅུད་མངོན་པར་མཚོན་ཡོད། འདིས་ཆོས་ལུགས་རིག་གནས་སྒྱུ་རྩལ་འདི་ཉིད་མིའི་རིགས་ཀྱི་བསམ་བློ་རྒྱུད་འཛིན་ཁྲོད་ཀྱི་རིན་ཐང་དང་དེང་སྐབས་སྤྱི་ཚོགས་ཀྱི་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་མངོན་ཡོད། ཤ་བོ་སྐྱབས་ནི་དེང་རབས་ཀྱི་མིང་དུ་གྲགས་པའི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཞིག་ཡིན་ལ། རེབ་གོང་སྒྱུ་རྩལ་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་ལ་གསོན་ཉམས་ལྡན་པས་ཆོས་ལུགས་ཡང་སྙིང་ལ་མི་རྣམས་ལ་བརྒྱུད་སྤྲོད་ཐུབ་ལ། སྒྱུ་རྩལ་ལོངས་སྤྱོད་བླ་ན་མེད་པ་ཞིག་ཀྱང་ཡིན། དེ་རིང་གི་འགྲེམ་སྟོན་འདི་ང་ཚོར་མཚོན་ནས་བཤད་ན་མཛེས་སྡུག་གི་ལོངས་སྤྱོད་ཅིག་དང་སེམས་ཀྱི་ཁྲུས་གསོལ་ཐེངས་ཤིག་ཀྱང་ཡིན། འདི་རུ་ནང་སེམས་ཀྱི་བདེ་བ་ཚོར་ཐུབ་ལ། སྒྱུ་རྩལ་ལོངས་སུ་སྤྱོད་ཐུབ་ཅེས་བསྟན།


ཤ་བོ་སྐྱབས་ཀྱིས་བཅར་འདྲི་དང་ལེན་བྱེད་པ།

     སྤྱི་ལོ2006ལོའི་ཟླ6པར། རེབ་གོང་སྒྱུ་རྩལ་འདི་ཉིད་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དཀར་ཆག་ཁྲོད་ཚུད་པ་དང་། འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་དགོད་པར་རྨང་གཞི་ལེགས་པོ་བཏིང་། སྤྱི་ལོ2009ལོའི་ཟླ9བའི་ཚེས30ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གཟུགས་འདས་ཤུལ་བཞག་རིག་གནས་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་བའི་སྟེང་རེབ་གོང་སྒྱུ་རྩལ་དེ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཚབ་མཚོན་དཀའ་ཆག་ཏུ་འགོད་པར་ཆོག་མཆན་གནང་། ད་ལྟ་རེབ་གོང་སྒྱུ་རྩལ་དེ་མཚོ་སྔོན་རེབ་གོང་ནས་འཛམ་གླིང་ལ་ཕྱོགས་མགོ་བརྩམས་པ་དང་། སྔར་ལས་མང་པའི་སྒྱུ་རྩལ་པ་མང་པོ་ཞིག་གི་དགའ་བསུ་ཐོབ་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།