འབའ་རྫོང་མི་རིགས་སློབ་འབྲིང་གིས་སྐོར་བྲོའི་འགྲན་བསྡུར་བསྡུས་པ།
འབའ་རྫོང་མི་རིགས་སློབ་འབྲིང་གིས་སྐོར་བྲོའི་འགྲན་བསྡུར་བསྡུས།
འབའ་རྫོང་མི་རིགས་སློབ་འབྲིང་གིས་སྐོར་བྲོའི་འགྲན་བསྡུར་བསྡུས།
འབའ་རྫོང་མི་རིགས་སློབ་འབྲིང་གིས་སྐོར་བྲོའི་འགྲན་བསྡུར་བསྡུས།
བྱ་དགའ་གནང་བ།
སྔར་ལས་ལྷག་པའི་སྒོ་ནས་དགེ་སློབ་རྣམས་ཀྱི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཉེ་ལམ། འབའ་རྫོང་མི་རིགས་སློབ་འབྲིང་གིས་མཐུན་སྒྲིལ་མཉམ་འགྲིག་དང་འོད་སྣང་མཉམ་སྤྱོད་ཅེས་པ་བརྗོད་བྱ་ཡིན་པའི་སྐོར་བྲོའི་འགྲན་བསྡུར་བསྡུས། སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ24ཡི་སློབ་མ1200ལྷག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས།
འགྲན་བསྡུར་གྱི་གོ་རིམ་ཁྲོད། སློབ་མ་རྣམས་ཀྱིས་བོད་རིགས་གྱོན་ཆས་སྣ་ཚོགས་གྱོན་ཏེ་སྙན་འཇེབས་ཀྱི་དབྱངས་རྟ་དང་འགྲོགས་ནས་གར་གྱི་སྟངས་སྟབས་བསྒྱུར་བཞིན། མཛེས་སྡུག་ཡིད་དུ་འོང་བའི་མི་རིགས་ཁྱད་ཆོས་ཀྱིས་ཕྱུག་པའི་སྐོར་བྲོ་འཁྲབ་སྟེ། བོད་རིགས་མི་དམངས་ཀྱི་དཀའ་སྤྱད་དང་གཞུང་དྲང་། ཡར་བརྩོན་གྱི་གཤིས་ཀའི་ཁྱད་ཆོས་དང་བསམ་པའི་རྣམ་པ་མངོན་པར་བྱས་པས། ཡུལ་དངོས་དགེ་སློབ་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་ལ། ག་ས་གང་དུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
སློབ་མ་རྣམས་ཀྱི་འཁྲབ་སྟོན་དང་དཔྱད་འདེམས་དགེ་རྒན་རྣམས་ཀྱི་དཔྱད་བརྗོད། སྡོམ་རྩིས་མི་སྣའི་སྡོམ་རྩིས་བྱས་པ་བརྒྱུད། མཐར་ཨང་དང་པོ་ཐོབ་མཁན1དང་ཨང་གཉིས་པ་ཐོབ་མཁན2། ཨང་གསུམ་པ་ཐོབ་མཁན3བཅས་བདམས་ཐོན་བྱུང་།
ཐེངས་འདིའི་འགྲན་བསྡུར་བརྒྱུད་ནས། གོམ་གང་མདུན་སྤོས་སྒོས་སློབ་མ་རྣམས་ཀྱི་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་འབྲས་ཡོད་ཀྱིས་ཁོ་ཚོ་སྒྱུ་རྩལ་ལ་དགའ་བ་དང་སྒྱུ་རྩལ་ལ་སྤྲོ་བའི་བསམ་བློ་ངར་སློང་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com