ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ཀྲུང་གོ•རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་སྦྱོར།
ཀྲུང་གོ•རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་སྐབས་གཉིས་པ་སྤེལ་བའི་བརྡ་སྦྱོར།
རྩོམ་པ་པོ།:རེབ་གོང་ཐང་ག་འབྲི་བཞེངས་འགྲན་ས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-20 09:15:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། 2015ལོའི་ཟླ9བའི་ཟླ་སྟོད་ལ་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་སྤེལ་རྒྱུ་ཡིན༼འགྲན་སྡུར་གྱི་དུས་ཚོད་དངོས་སྐབས་བསྟུན་བརྡ་སྦྱོར་བྱ༽། སྐབས་འདིའི་འགྲན་སྡུར་ཆེན་མོར་མགོ་རྩོམ་པའི་མཛད་སྒོ་དང་། ཐང་ག་སྤུས་ལེགས་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་བགྲོ་གླེང་སོགས་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན།
ཐེངས་འདིའི་འགྲན་སྡུར་གཟབ་རྒྱས་ངང་སྤེལ་ཆེད། ཁུལ་ཕྱི་ནང་གི་ལྷ་རིས་པ་དང་རྒྱལ་ཁབ་རིམ་པའི་ཐང་གའི་བཟོ་རྩལ་སློབ་དཔོན། ཐང་གའི་རྒྱུན་འཛིན་པ། ཐང་གའི་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་གང་མང་ཞིག་གདན་འདྲེན་ཞུས་ཡོད། འགྲན་སྡུར་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་འགྲན་སྡུར་སྐོར་གྱི་དོ་སྣང་བྱེད་དགོས་པ་གཤམ་གསལ།
གཅིག མིང་ཐོ་འགོད་པའི་དུས་ཚོད།
2015ལོའི་ཟླ5བའི་ཚེས4ནས་ཟླ7པའི་ཚེས20བར་ཡིན་ལ་དུས་ལས་ཡོལ་ན་ཐོ་འགོད་མི་བྱེད།
གཉིས། མིང་ཐོ་འགོད་ས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་ཁང་གི་སུམ་ཐོག་གི་འགྲན་སྡུར་ཆེན་མོའི་གཞུང་སྒྲུབ་ཁང་ན་ཡོད།༼ཐུན་རིན་རྫོང་རོང་བོ་གྲོང་རྡལ་གྱི་ན་གཞོན་ལམ་ཆེན། རེབ་གོང་ཐང་ཆེན་གྱི་འགྲམ།༽
གསུམ། མིང་ཐོ་འགོད་པའི་ཁྱབ་ཁོངས།
འགྲན་སྡུར་ལ་ས་ཁུལ་དང་། ལོ་ཚོད། ཕོ་མོ་དང་མི་རིགས་མི་བགར་བར་རྒྱལ་ཡོངས་ཀྱི་ལྷ་རིས་པ་ཡོངས་ཞུགས་ཆོག
བཞི། འགྲན་ཞུགས་ཀྱི་ཆ་རྐྱེན།
འགྲན་སྡུར་ལ་ལག་རྩལ་མཐོ་དམན་ཁག་གཉིས་སུ་དགར་ཡོད། འགྲན་ཁག་དང་པོའི་འགྲན་སྟངས་ཅུང་དཀའ་བས་ཐང་གའི་བརྒྱ་ཆའི90%འགྲུབ་དགོས། འགྲན་ཁག་གཉིས་པའི་འགྲན་སྟངས་ཅུང་སླ་བས་ཐང་གའི་བརྒྱ་ཆའི60%འགྲུབ་ན་ཆོག འགྲན་ཞུགས་ཀྱི་ཐང་ག་དེ་དུས་ཚོད་གཏན་འཁེལ་ནང་འགྲན་ར་ནས་འགྲུབ་དགོས་པས་ལྷ་རིས་པ་རྣམས་ཀྱིས་ཐོ་འགོད་བྱེད་སྐབས། རང་ཉིད་ཀྱི་ལག་རྩལ་དང་དགའ་མོས་ལྟར་འགྲན་ཁག་གང་རུང་ལ་ཞུགས་པར་གསལ་བོར་ཐོ་འགོད་བྱེད་དགོས།(གསལ་ཆ་མེད་ན་འབྲེལ་གཏུག་མི་སྣ་ལ་དྲིས་ཆོག།)
ལྔ། ཐོ་འགོད་བྱེད་སྟངས།
༡ ས་གནས་དངོས་ནས་མིང་ཐོ་འགོད་སྟངས།
རྨ་ལྷོ་ཁུལ་གྱི་འགྲན་ཞུགས་མི་སྣ་འགྲན་སྡུར་ཆེན་མོའི་གཞུང་སྒྲུབ་ཁང་ནས་མིང་ཐོ་འགོད་དགོས། མིང་ཐོ་འགོད་སྐབས་ལྷ་རིས་པ་རྣམས་ཀྱིས་རང་རང་གི་ཐོབ་ཐང་ལག་འཁྱེར་བསྐྱར་དཔར་ལྔ་རེ་དང་འདྲ་པར་ཚུན་གཉིས་ཅན་ལྔ། ད་དུང་རང་གི་སྡོད་གནས་དང་འབྲེལ་གཏུག་ཁ་པར་གྱི་ཨང་གྲངས་བཅས་གསལ་བོར་འབྲི་དགོས།
༢ དྲ་ཐོག་ནས་མིང་ཐོ་འགོད་སྟངས།
ས་ཁུལ་གཞན་གྱི་འགྲན་ཞུགས་ལྷ་རིས་པས་དྲ་ངོས་ནས་བོད་ཀྱི་རིག་གནས་དྲ་བ ནས་རེའུ་མིག་ཕབ་རྗེས་མིང་ཐོ་གསལ་བོར་བཀོད་ནས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་། ཚུན་གཉིས་ཅན་གྱི་གློག་རྡུལ་པར་རིས་ནང་འཇུག་བྱས་ཏེ་འབྲེལ་གཏུག་མི་སྣའི་ཡིག་སྒམ་དུ་གཏོང་དགོས།
དྲུག ཟུར་ཞུ།
ཐེངས་འདིའི་འགྲན་ཞུགས་ལ་འདྲ་མཉམ་དང་། དྲང་བདེན་ཡོང་བའི་ཆེད་དུ་འགྲན་སྡུར་ལ་ལྟ་ཞིབ་ཚན་ཆུང་བཙུགས་ཡོད་པས་འགྲན་ར་ནས་ལྷ་རིས་པ་དང་ཐང་གར་ལྟ་ཞིབ་བྱེད་རྒྱུ་ཡིན་པས་གལ་ཏེ་རྫུན་བཟོ་བྱས་ན་འགྲན་ཞུགས་ཀྱི་དབང་ཆ་ལེན་རྒྱུ། ཟུར་དུ་ཐེངས་གཉིས་པའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་ཐོ་འགོད་རེའུ་མིག་བཀོད་ཡོད།
བདུན། འབྲེལ་གཏུགས་མི་སྣ་དང་ཐོ་འགོད་ཁ་པར།
གཞུང་སྒྲུབ་ཁང་གི་ཁ་པར། 0973—8725535
ལྷ་རིས་སྐྱིད། 13997435520 598004139@qq.com
ཤེས་རབ་རྡོ་རྗེ། 13099732789 1203442352@qq.com

སྐབས་གཉིས་པའི་ཀྲུང་གོ•རེབ་གོང་ཐང་ག་འབྲི་བཞེངས་འགྲན་སྡུར་ཆེན་མོའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས།
2015ལོའི་ཟླ5བའི་ཚེས11ལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།