ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་བསྡུས་པ།
ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་བསྡུས་པ།
རིག་པ་གཞོན་པའི་དུས་སུ་བསླབ།། བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ་ཞེས་པ་ལྟར། ང་ཚོ་མི་སུ་དང་གང་ཞིག་ཡིན་ནའང་འདྲ། བྱ་ལས་གང་ཞིག་སྒྲུབ་ནའང་འདྲ། ཆུང་དུས་སམ་ཐོག་མ་ནས་དཀའ་བ་མང་པོ་སྤྱད་དེ་རྨང་གཞི་ལེགས་པོ་ཞིག་བཏིང་ཚེ། ཕྱིས་སུ་བྱ་བ་གང་ཞིག་སྒྲུབ་པ་དང་ཕུགས་བསམ་གང་ལ་སྙེག་ཚེ་འབྲས་བུ་མི་སྨིན་པ་བཤད་སྨོས་མ་དགོས། དེའི་མཚུངས་སུ་སློབ་གྲྭ་སོ་སོའི་དགེ་རྒན་རྣམ་པས་ཀྱང་ཆུང་བྱིས་པའི་དུས་ནས་བཟུང་ཁོ་ཚོའི་མོས་ཕྱོགས་ལྟར་དུ་གླུ་གར་དང་རོལ་མོ། རི་མོ། ཡིག་གཟུགས་སོགས་སྒྱུ་རྩལ་རིག་གནས་བྱེ་བྲག་པར་ཁྲིད་སྟོན་དང་སྦྱོང་བརྡར་བྱས་ཏེ་སྐྱེད་སྲིང་ལེགས་པོ་བྱས་གྱུར་ན། ནམ་ཞིག་གི་ཚེ་ཁོ་ཚོ་ནར་སོན་ཚེ་གཡུར་དུ་ཟ་བའི་འབྲས་བཟང་ཐོབ་པ་ལྟ་ཅི་མོས།
སློབ་མ་ཚོས་གར་འཁྲབ་པའི་ཉམས་འགྱུར།
དེར་བསྟུན་སྒོས་ཟླ5བའི་ཚེས11དགོང་མོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཆུང་ལོ་རིམ་བཞི་བ་དང་ལྔ་བའི་འཛིན་གྲྭ8ཀྱིས་མཉམ་དུ་སྒྲུབ་པའི་གངས་རིའི་རང་སྒྲ་ཁག་གཉིས་པའི་ཟླ་མཇུག་དགོང་ཚོགས་ཀྱི་མགོ་མཇུག་བར་གསུམ་གྱི་གླུ་དང་གླུ་དབྱངས། རྡུང་ལེན། ཨ་རྩེད། ཞབས་བྲོ། བཤད་པ་སོགས་རྣམ་གྲངས་དུ་མའི་རྩེད་མོ་གྱ་ནོམ་པ་དང་ལྷག་པར་ཚོན་སྣ་ལྔ་ལྡན་གྱི་འཁྲབ་གོས་དང་རང་དབང་རྒོད་པ། སྟངས་སྟབས་མཛེས་པའི་རྐང་འཁྲབ་ལག་འཁྲབ་ཀྱི་ཉམས་འགྱུར་རེ་རེས་དགོང་ཚོགས་ལ་ཐུན་མོང་མ་ཡིན་པའི་གསོན་ཤུགས་གསར་བ་ཞིག་བསྐྲུན་པ་ལགས་ན། རྣམ་པ་འདི་གས་ཀྱང་མ་འོངས་པའི་རེ་བར་འགྱུར་དགོས་པ་དང་གདུང་འདེགས་ཀྱི་ཀ་བར་འགྱུར་དགོས་པའི་སློབ་བུ་རྣམས་ཀྱི་འོད་སྟོང་ལྡན་པའི་མདུན་ལམ་མཚོན་ནོ། །
སློབ་མ་ཚོས་གར་འཁྲབ་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com