བོད་ལྗོངས་སློབ་གྲྭ་ཆེན་མོས་ལུས་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པ་བསྡུས་པ།
བོད་ལྗོངས་སློབ་གྲྭ་ཆེན་མོས་ལུས་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པ་བསྡུས་པ།
སློབ་མས་རང་སྒྲིག་རང་འཁྲབ་བྱེད་པའི་བོད་རིགས་རྣམ་པའི་ལུས་རྩལ་སྦྱོང་བརྡར།
སྤྱི་ཟླ5བའི་ཚེས7ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོས་ལུས་རྩལ་འགྲན་ཚོགས་སྐབས་ཉེར་དྲུག་པ་བསྡུས་ཤིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་ནི་ལོ་རེ་བཞིན་མི་རྣམས་ཀྱིས་ལྟ་རིན་ཡོད་པའི་རོལ་མྱོང་ཐེངས་ཤིག་ཡིན། སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་གླུ་གར་གྱི་རིགས་ནི་ལྷག་ཏུ་ངོ་མཚར་ཆེ་བ་ཞིག་རེད། དེ་ཡང་སློབ་མས་རང་སྒྲིག་རང་འཁྲབ་བྱེད་པའི་བོད་རིགས་རྣམ་པའི་ལུས་རྩལ་སྦྱོང་བརྡར་དང་། 《གཞོན་པའི་རྐང་གྲུག་འདུན་མ》། སྐོར་བྲོ་སོགས་ལས་ཡིད་དབང་རབ་ཏུ་བཀུག
གཞོན་པའི་རྐང་གྲུག་འདུན་མ་ཞེས་པའི་བྲོ་གར་འཁྲབ་སྟོན།
མཆོང་རྒྱུག་འགྲན་བསྡུར།
རྒྱང་མཆོང་།
མགོ་རྩོམ་མཛད་སྒོའི་རྗེས་མཐུད་དུ་ལུས་རྩལ་གྱི་རྣམ་གྲངས་མགོ་བརྩམས་ཤིང་། ཐོག་མར་དགེ་རྒན་གྱི་སྡེས་སྨི60ཡི་རྒྱུག་འགྲན་དང་། ཊེ་ནི་སི་སྤོ་ལོ། བྱ་སྒྲོ་ཕོང་རྩེད་སོགས་འགྲན་བསྡུར་དང་། དེ་ནས་སློབ་མའི་སྡེས་སྨི100ཅན་གྱི་རྒྱུག་འགྲན་དང་སྨི400ཡི་རྒྱུག་འགྲན། རྒྱང་མཆོང་། རིམ་གསུམ་རྒྱང་མཆོང་སོགས་ལུས་རྩལ་རྣམ་གྲངས་དུ་མ་འདུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com