མཚོ་ནུབ་ཁུལ་གྱི་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་ནུབ་བྱང་མི་རིགས་སློབ་ཆེན་དུ་སྤེལ།
མཚོ་ནུབ་ཁུལ་གྱི་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་ནུབ་བྱང་མི་རིགས་སློབ་ཆེན་དུ་སྤེལ།
ཉེ་ཆར། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་ནུབ་ས་ཁུལ་གྱི་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་དེ་ནུབ་བྱང་མི་རིགས་སློབ་ཆེན་དུ་སྤེལ།
སྐད་གཉིས་གསོ་སྦྱོང་འཛིན་གྲྭ་འདི་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས2002ལོ་ནས་བཟུང་ལོ་རེར་ཐེངས་རེ་སྤེལ་མགོ་བརྩམས་ལ། སོག་ཡིག་དང་བོད་ཡིག་གི་འཛིན་གྲྭ་གཉིས་རེ་སྒྲུབ་ཀྱིན་པ་དང་། སྔ་ཕྱིར་མཚོ་ནུབ་མངའ་ཁོངས་ཀྱི་ན་གོར་མོ་གྲོང་ཁྱེར་དང་། ཐེམ་ཆེན་རྫོང་། གཏེར་ལམ་རྫོང་སོགས་ཀྱི་སྐད་གཉིས་ལས་བྱེད་པ1300ལྷག་གསོ་སྦྱོང་ལ་ཞུགས།
གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་དང་རྒྱབ་སྐྱོར་ཐོབ་པ་བརྒྱུད། ད་ལོ་ནས་བཟུང་། ཞིང་ཆེན་གཞན་པ་དང་ས་ཁུལ་གཞན་པར་བྱིན་ནས་གསོ་སྦྱོང་བྱེད་མགོ་བརྩམས་ལ། ཐེངས་འདིར། ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་མི་རིགས་སློབ་ཆེན་དུ་གསོ་སྦྱོང་སྤེལ་བ་དང་། སང་ལོ་ནས་བཟུང་། རིམ་གྱིས་ཞིང་ཆེན་མི་གཅིག་པ་སྟེ། ཟི་ཁྲོན་དང་བོད་ལྗོངས་སོགས་ནས་གསོ་སྦྱོང་བྱེད་རྩིས་ཡོད་ལ། ཞིང་ཆེན་བརྒལ་ནས་གསོ་སྦྱོང་བྱས་པ་འདིས་གཅིག་ནས་གཞུང་ལུགས་ཁོ་ན་སློབ་པ་ཙམ་མ་ཡིན་པར། སྐད་གཉིས་ལས་བྱེད་པའི་མཐོང་རྒྱ་དང་ཐོས་རྒྱ་ཇེ་ཆེར་བཏང་བར་མ་ཟད། མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་བྱ་བ་སོགས་ལ་བྱང་ཆ་ལྡན་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ་གསོ་སྦྱོང་སྤེལ་བ་ལས། གཞི་རིམ་ས་ཁུལ་ནས་མི་རིགས་ཀྱི་བྱ་བ་སྒྲུབ་པའི་སྐད་གཉིས་ལས་བྱེད་པའི་བྱ་བའི་སྤུས་ཚད་དང་། འདུ་ཤེས་སོགས་མཐོར་འདེགས་སུ་གཏོང་བར་ཕན་པ་གང་ལེགས་བྱུང་ཡོད།
ཐེངས་འདིའི་གསོ་སྦྱོང་ལ་མཚོ་ནུབ་ས་ཁུལ་གྱི་སྐད་གཉིས་ལས་བྱེད་པ50ལྷག་ཞུགས་ཡོད་ལ། ཉིན་བཅུའི་རིང་གི་ཟབ་སྦྱོང་བརྒྱུད། ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བདེ་ལེགས་ངང་མཇུག་བསྡུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com