ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 《རི་བོ་ཉི་ཟླ》དུས་དེབ་ཀྱི་རྩོམ་སྒྲིག་ཁང་གིས་རྩོམ་བསྡུའི་བརྡ་སྦྱོར་སྤེལ་བ།
《རི་བོ་ཉི་ཟླ》དུས་དེབ་ཀྱི་རྩོམ་སྒྲིག་ཁང་གིས་རྩོམ་བསྡུའི་བརྡ་སྦྱོར་སྤེལ་བ།
རྩོམ་པ་པོ།:《རི་བོ་ཉི་ཟླ》རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-06 09:54:00
ཀློག་གྲངས།:
《རི་བོ་ཉི་ཟླ》དུས་དེབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀློག་པ་པོ་རྣམས་ཀྱི་འདོད་བློ་སྐོང་བ་དང་། དུས་དེབ་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་ཆེད། 《རི་བོ་ཉི་ཟླ》དུས་དེབ་ཀྱི་རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ལས་རིགས་སོ་སོའི་རྩོམ་པ་པོ་རྣམས་ལ་དམིགས་ཏེ་བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ་སོགས་ཀྱི་ཚན་བྱང་རིགས་དུ་མ་དབྱེ་ཡོད་ལ་དཔར་ཐེངས་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། ལེ་ཚན་གསར་སྣོན། རྩོམ་ཡོན་ཇེ་མང་སོགས་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་དང་བསྐྱར་བཅོས་ཡང་བཅོས་བྱས་ནས་སྤེལ་རྒྱུ་ཡིན་པས། ད་ནས་སྤྱི་ཟླ9བའི་ཟླ་མཇུག་བར་རྩོམ་རིག་ལ་བློ་མོས་ཡོད་པའི་སྨྱུག་ཐོགས་པ་དག་གིས་ལྗགས་རྩོམ་ཕངས་མེད་དུ་སྩོལ་བར་མཁྱེན།
དེ་དང་འབྲེལ་ནས་དོ་སྣང་བྱ་དགོས་པའི་གནད་དོན་འགའ་ཞུས་པ་གཤམ་ལྟར།
༡ པར་ངོས་ཀྱི་ཤོང་ཚད་ལྟར་རྩོམ་ཡིག་གི་རིང་ཐུང་ཡིག་གྲངས1000ནས5000ལས་མི་བརྒལ་བ་དང་། རྩོམ་པ་པོའི་མིང་དང་ཕོ་མོ། ལས་གནས། འབྲེལ་གཏུག་ཁ་པར། སྡོད་གནས་སོགས་རྒྱ་བོད་ཤན་སྦྱར་གྱིས་ངོ་སྤྲོད་རགས་ཙམ་བགྱི་བར་གལ།
༢ དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་སོགས་སྒྲིག་གཞི་ཁ་ཚང་ཞིག་ཡོད་དགོས།
༣ འདི་གར་བསྐུར་བའི་རྩོམ་ཡིག་གི་ཁ་བྱང་རྒྱ་བོད་ཤན་སྦྱར་གྱིས་གསལ་བོར་འབྲི་དགོས།
༤ གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་ཉིས་ཟློས་སོགས་པར་དབང་དང་འགལ་བའི་གནས་ཚུལ་བྱུང་ཚེ། རྩོམ་པ་པོས་འགན་འཁུར་དགོས།
༥ 《རི་བོ་ཉི་ཟླ》དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལ་རྩོམ་གྱི་ཚད་གཞི་ལྟར་འོས་འཚམ་གྱི་རྩོམ་ཡོན་གནང་རྒྱུ་ཡིན།
འབྲེལ་གཏུག་བྱེད་ཡུལ། གུང་ཧོ་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གི《རི་བོ་ཉི་ཟླ》རྩོམ་སྒྲིག་ཁང་།(青海省共和县藏语办《日月山》编辑部)
གློག་རྡུལ་ཡིག་སྒམ། 2650157125@qq.com
འབྲེལ་གཏུག་མི་སྣ། ལྕགས་མཚོ་ཐར།
ཁ་པར། 0974-8512338 18097148816

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།