མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་གསར་བའི་སྒོ་འབྱེད་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-24 11:10:00 ཀློག་གྲངས།:


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་གསར་བའི་སྒོ་འབྱེད་མཛད་སྒོ་བསྡུས་པ།

     ཟླ4བའི་ཚེས23ཉིན་ཏེ་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས20བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང་གསར་བའི་སྒོ་འབྱེད་མཛད་སྒོ་བསྡུས་ཤིང་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་ཕྱེས།


མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། དྲིལ་སྒྲོག་པུའི་འགོ་གཙོ་
ཡེ་ཝན་པིན་གྱིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

     མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་གཏོགས་ལས་ཁུངས་སོ་སོའི་ཚབ་བྱེད་པ། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཝང་བིན་ལུའུ་དང་། སྟག་འབུམ་རྒྱལ། ཧུའུ་ཡོའུ་ཀང་སོགས་གདན་འདྲེན་ཞུས། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་ཏེ་རྩོམ་པ་པོས་མིང་རྟགས་བཀོད་དེ་དཔེ་ཆ་འབུལ་བ་དང་། སྨྱུག་འཛིན་པས་དཔེ་མཛོད་ཁང་གསར་བར་རྟེན་འབྲེལ་གྱི་ཕྱག་བྲིས་གནང་བ་སོགས་ཀྱི་བྱ་འགུལ་སྤེལ།


དཔེ་མཛོད་ཁང་གསར་བར་སྒོ་བྱང་བཀལ་བ།


སྐུ་མགྲོན་རྣམས་ཀྱིས་དཔེ་མཛོད་ཁང་གསར་བར་གཟིགས་ཞིབ་བྱས་པ།

     མཚོ་ལྷོ་ཁུལ་དཔེ་མཛོད་ཁང་ནི1978ལོར་བཙུགས་ཤིང་། སྔར་གནས་ནི་མཚོ་ལྷོ་ཁུལ་ན་ཆུང་ཕོ་བྲང་དུ་ཡོད་པ་དང་། ད་ལྟ་གསེར་ཆེན་རྫོང་མཁར་བྱང་ཁུལ་གསར་གྱི་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གསར་བ་ནི2012ལོར་གསར་དུ་འཛུགས་སྐྲུན་གནང་ལ། གཞི་ཁྱོན་ལ་སྨི་གྲུ་བཞི་མ4566དང་ཁང་བརྩེགས་རིམ་པ་ལྔ་ཡོད། 2015ལོའི་ཟླ4བའི་ཚེས23ཉིན་དངོས་སུ་ཕྱི་ཕྱོགས་སུ་རིན་མེད་སྒོ་ཕྱེས་པ་རེད། དཔེ་མཛོད་ཁང་འདི་ནི་མཚོ་ལྷོ་ཁུལ་གྱི་ས་གནས༼གྲོང་ཁྱེར༽རིམ་པའི་སྤྱི་བའི་དཔེ་མཛོད་ཁང་ཉག་ཅིག་ཡིན་ལ། མཚོ་ལྷོ་ཁུལ་གྱི་གལ་ཆེ་བའི་སྤྱི་བའི་རིག་གནས་ཞབས་ཞུའི་གནས་ཤིག་ཀྱང་ཡིན།


རྩོམ་པ་པོ་ཝང་བིན་ལུའུ་ཡིས་ཡུལ་དངོས་སུ་མིང་རྟགས་བཀོད་དེ་དཔེ་ཆ་འབུལ་བ།


རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་ཡུལ་དངོས་སུ་མིང་རྟགས་བཀོད་དེ་དཔེ་ཆ་འབུལ་བ།


མཚོ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་སྨན་བླ་ཐར་གྱིས་དཔེ་མཛོད་ཁང་ལ་ཕྱག་བྲིས་གནང་བ།

     དཔེ་མཛོད་ཁང་གསར་བར་སྤྱིའི་ཞབས་ཞུ་ཁང་དང་། དཔེ་གཡོར་ལྟ་ཀློག་ཁང་། དབང་བོ་སྐྱོན་ཅན་གྱི་དཔེ་གཡོར་ལྟ་ཀློག་ཁང་། ན་ཆུང་བྱིས་པའི་དཔེ་གཡོར་ལྟ་ཀློག་ཁང་། ཚགས་པར་དང་དུས་དེབ་ལྟ་ཀློག་ཁང་། ས་གནས་ཀྱི་དཔྱད་ཡིག་ཁང་། བོད་ཡིག་དཔེ་དེབ་ལྟ་ཀློག་ཁང་། ཡིག་ཆའི་ཁང་། ཨང་ཀིའི་ཐོན་ཁུངས་ལྟ་ཀློག་ཁང་། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་འཚོལ་ཞིབ་ལྟེ་གནས། དཔེ་མཛོད་སོགས་འདུས། ལྟ་ཀློག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4000ཡོད་ཅིང་། ད་སྔ་ཉར་བའི་དཔེ་དེབ་དང་དཔྱད་ཡིག78000ལྷག་ཡོད་ལ། དེ་ལས་དཔེ་ཆ་དང་། དུས་དེབ། ཚགས་པར་སོགས་དང་། ཀློག་པ་པོར་མཁོ་འདོན་བྱས་པའི་རྩིས་འཁོར40ལྷག་འདུག  ཨང་ཀིའི་དཔྱད་ཡིག་མང་པོ་དང་སྔོན་ཐོན་གྱི་དྲ་རྒྱའི་མ་ལག དེ་མིན་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་ཆས།  འགྲེམ་སྟོན་ཁང་དང་། ཀློག་པ་པོར་ཞབས་ཞུའི་པུའུ། རླངས་འཁོར་འཇོག་གནས་སོགས་རོགས་འདེགས་ཀྱི་སྒྲིག་ཆས་ཀྱང་བཙུགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།