མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་སློབ་མས་ལུས་རྩལ་གྲུབ་འབྲས་ལེགས་པོ་བླངས་པ།
མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་སློབ་མས་ལུས་རྩལ་གྲུབ་འབྲས་ལེགས་པོ་བླངས་པ།
ཉེ་ཆར། མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་རྩ་འཛུགས་རུ་ཁག་མཐོ་སྒང་གི་འཇོན་ཐང་ལྡན་པའི་མི་སྣ་སྒོ་འབྱེད་འཆར་གཞིའི་ཁྲོད་ཀྱི་རྒྱང་རྒྱུགས་འགྲན་བསྡུར་ལ་ཞུགས།
ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའི་དཔང་ཡིག་ཐོབ།
ཟླ4པའི་ཚེས11ཉིན། མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་རྩ་འཛུགས་རུ་ཁག་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི2015ལོའི་མཚོ་བྱང་ཁུལ་གྱི་འཇོན་ཐང་ལྡན་པའི་མི་སྣ་སྒོ་འབྱེད་འཆར་གཞིའི་ཁྲོད་ཀྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་འབྲས་བུ་མི་དམན་པ་བླངས། སློབ་གྲྭའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི་སློབ་གྲོགས་ཀོའུ་ཆིན་ལ་རྨིད8000ཅན་གྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྨིད6000ཅན་གྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི་སློབ་གྲོགས་ཚེ་རིང་དོན་གྲུབ་ལ་རྨིད8000ཅན་གྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། གཞན་ད་དུང་ལོ་རིམ་བརྒྱད་པའི་འཛིན་གྲྭ་གསུམ་པའི་སློབ་གྲོགས་ཚེ་བརྟན་རྒྱ་མཚོ་ལ་རྨིད300ཅན་གྱི་རྒྱང་རྒྱུགས་འགྲན་བསྡུར་བྱ་དགའ་ཨང་དང་པོ་དང་། རྨིད6000ཅན་གྱི་རྒྱང་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་ཤིང་། མདོ་ལ་རྫོང་མི་རིགས་སློབ་འབྲིང་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་དཔང་ཡིག་བཅས་བསྩལ་པ་རེད།
འགྲན་རྒྱུག་བྱེད་པའི་ཡུལ་དངོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com