ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་ཐེངས་བཞི་བ་བསྡུས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-15 09:41:00 ཀློག་གྲངས།:


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་
ཟླ་མཇུག་དགོང་ཚོགས་ཐེངས་བཞི་བ་བསྡུས་པ།

     དབྱར་ཟླ་བཞི་བའི་འཇམ་མཉེན་གྱི་གོམ་སྒྲ་ཉེ་རུ་ཕྱིན་པ་ན། དམའ་མོའི་ཞིང་ཐང་དང་ཚང་ཚིང་ནགས་ལྗོན། སིལ་ཏོག་གི་སྡོང་བོ་སོགས་སུ་མཚར་ཉམས་ཀྱི་མིག་ལྕིབས་ལྷག་ལྷག་ཏུ་ཕྱེ་སྟེ། ལྗང་མདོག་གི་གོས་གསར་ཞིག་དགའ་བས་མནབས་པ་དང་ཀུན་ནས་མཐུན། དེའི་མཚུངས་སུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཀྱང་ཟླ་རེར་དགོང་ཚོགས་ཤིག་བསྡུ་བའི་དགའ་སྤྲོའི་ཡོ་ལང་དེ་རབ་དཀར་ཁ་བའི་ཟོལ་གྱི་སིལ་སྡོང་གི་མེ་ཏོག་རྣམ་པར་བཞད་དུས། སློབ་གྲྭའི་དགེ་སློབ་ཟུང་གི་མིག་གི་དགའ་སྟོན་དུ་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་ཀི་འབོད་བརྒྱ་འབོད་སྟོང་འབོད་དང་ལྷང་ལྷང་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་བདེ་ལེགས་ངང་སྤེལ།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་ཐེངས་བཞི་བ་བསྡུས་པ།
གར་འཁྲབ་པའི་ཉམས།

     སློབ་གྲྭའི་ཏང་ཨུ་དང་གུང་གཞོན་ཚོགས་པས་རྩ་འཛུགས་བགྱིས་ཤིང་ལོ་རིམ་དྲུག་པས་གཙོ་སྒྲུབ་བྱས་པའི་གངས་རིའི་རང་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་ཐེངས་བཞི་བ་ཟླ4བའི་ཚེས10ཉིན་གྱི་དགོང་མོར་སློབ་གྲྭའི་དགེ་སློབ2000ལྷག་གི་མིག་དབང་གསོ་བའི་དགའ་སྟོན་དུ་དམངས་གླུ་དང་གེ་སར་གྱི་སྒྲུང་། བོད་དང་སོག་པོ། ཡུ་གུར་རིགས་ཀྱི་ཞབས་བྲོ། བཞད་གར། བཤད་པ་སོགས་རྣམ་གྲངས་མང་པོའི་རྩེད་མོའི་རིགས་ཁ་དོག་དཀར་དམར་གྱི་བྲོ་ལྭ་སྣ་ཚོགས་པས་བརྒྱན་ཏེ་སྔོན་མའི་ཟླ་མཇུག་དགོང་ཚོགས་དང་བསྡུར་ན་གསོན་ཤུགས་གསར་བ་ཞིག་མཆེད་འོང་བའི་སྣང་བ་སྟེར།

     ལྷག་པར་གླིང་སྒྲུང་ཐོས་པ་ཀུན་སྨོན་དང་སྟོན་བཤད་སྐྱིད་གཡང་དགའ་སྟོན་གྱི་རྩེད་མོའི་ཁྲོད་དུ་སློབ་བུ་རེ་འགའི་གསལ་དག་ཉམས་གསུམ་གྱི་སྨྲ་ལྕེ་བདེ་མོ་ལས་ཀུན་གྱི་ཡིད་ངོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་རྫ་ཆུ་བཞིན་དྭངས་ཤིང་གཙང་ལ་དྲི་མ་མེད་པའི་ངེས་ཤེས་འདྲོངས་པར་བྱེད། མ་ཟད་འཛིན་གྲྭ་སོ་སོའི་དབྱངས་སྙན་མོའི་རམ་འདེགས་ཀྱི་འོག་ཏུ་གར་གྱི་སྟངས་འགྲོས་དོ་མཉམ་ཞིང་ཡིད་འགུལ་ཐེབས་པའི་ཡོན་ཏན་བདོ་བས། མི་རབས་ཕྱི་མ་འདི་དག་གིས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྔོག་འདོན་གྱི་ཆེད་དུ་ནུས་པ་གལ་ཆེན་ཐོན་བཞིན་པ་མཚོན་ནོ། །


དགོང་ཚོགས་ལ་རོལ་མྱོང་བྱེད་པའི་སློབ་བུ་རྣམས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།