མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་གྲྭར་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་མགོ་བརྩམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-04-09 10:09:00 ཀློག་གྲངས།:
     ཟླ4བའི་ཚེས6ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་དཔྱིད་དུས་སུ་སློབ་གྲྭར་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་མགོ་བརྩམས།
     རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན80ཡིས་དཀའ་ཁག་ཅན་གྱི་སློབ་མ་དང་། ཕ་མ་གཉིས་ཀྱི་གཅིག་ལས་མེད་པའི་སློབ་མ། དཀའ་ཁག་ཅན་གྱི་སློབ་མ476བར་རོགས་སྐྱོར་འབྲེལ་བ་བཙུགས་པ་དང་། སློབ་གྲྭས་རོགས་སྐྱོར་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་སློབ་མའི་བསམ་བློའི་འདུ་ཤེས་དང་། སློབ་སྦྱོང་གི་རྣམ་འགྱུར། ཀུན་སྤྱོད་བཅས་ཀྱི་ཐད་གསོ་སྐྱོང་བཟང་པོ་ཞིག་བྱེད་རྒྱུའི་འགན་ལེན་བྱས།
     ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱད་དེ་སློབ་གྲྭས་དགེ་སློབ་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། དགེ་སློབ་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་དུ་བཅུག་སྟེ་འཆམ་མཐུན་གྱི་སློབ་གྲྭའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་བརྩོན་ལེན་བྱས་ཏེ་སློབ་མ་རང་སྟེང་གི་ནུས་པ་སྔོག་འདོན་བྱེད་བཞིན་ཡོད་ལ། འཛིན་བདག་བརྒྱུད་དེ་འཛིན་གྲྭ་ཁག་དང་ལོ་རིམ་ཁག་གི་དཀའ་ཁག་ཅན་གྱི་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་། ཀུན་སྤྱོད། སྒྲིག་ལམ་བཅས་ལ་རྒྱུས་ལོན་ཡང་དག་བྱས་ཤིང་། དཀའ་ཁག་ཅན་གྱི་སློབ་མ138ལ་སློབ་གྲྭས་སློབ་མ་རེར་ཟླ་རེར་སྒོར100ནས300ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་པ་དང་། བསྡོམས་པས་དཀའ་ཁག་ཅན་གྱི་སློབ་མ་ཡོངས་ལ་སྒོར180000ཀྱི་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་འཚོ་བར་འགན་སྲུང་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།