མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་རྟེན་གཞི་མཚོ་སྔོན་མི་རིགས་སློབ་ཆེན་ནས་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-04-06 09:29:00 ཀློག་གྲངས།:
     ཉེ་ལམ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཆོག་མཆན་བཀོད་པ་ལྟར། མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་རྟེན་གཞི་དེ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་ལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་གིས་གསོ་སྦྱོང་གི་ལས་འགན་འཁུར་བ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་སྤེལ།
     མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དགེ་རྒན་གསོ་སྦྱོང་རྟེན་གཞི་ནི་དེ་སྔའི་མཚོ་སྔོན་ཞིང་ཆེན་སྐད་གཉིས་དགེ་རྒན་གསོ་སྦྱོང་རྟེན་གཞི་དེ་ཡིན་ལ། 2011ལོ་ནས་བཟུང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཁྱོན་བསྡོམས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་རྐང་འཛིན་དགེ་རྒན་གསོ་སྦྱོང་འཛིན་གྲྭ་སྐབས་བཞི་དང་། མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་གསོ་སྦྱོང་འཛིན་གྲྭ་སྐབས་གཅིག་ལ་སྤེལ་བ་དང་། གསོ་སྦྱོང་བྱས་པའི་མི་གྲངས་ཁྱོན་བསྡོམས་མི་ཐེངས་བདུན་བརྒྱ་ལྷག་ལ་བུད། གསོ་སྦྱོང་འཛིན་གྲྭ་ཚང་མའི་སློབ་ཁྲིད་དང་དགེ་རྒན་བཀོད་སྒྲིག་དང་། སློབ་ཁྲིད་ཀྱི་རྣམ་པ་སོགས་ཚང་མ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། གསོ་སྦྱོང་གི་སྤུས་ཚད་མཐོ་བ་དང་། གསོ་སྦྱོང་གི་གྲུབ་འབྲས་མངོན་གསལ་ཡིན་པས། སྤྱི་ཚོགས་སྟེང་ནས་གདེང་འཇོག་ཚད་མཐོན་པོ་བྱས། གསོ་སྦྱོང་རྟེན་གཞི་བཙུགས་པ་དེས་མཚོ་སྔོན་རོང་འབྲོག་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ཀྱི་ལས་རིགས་འཇོན་ནུས་ཆེར་བསྐྱེད་པ་དང་། ཆེད་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སློབ་ཁྲིད་ཀྱི་ཐབས་རྩལ་ཇེ་ལེགས་སུ་གཏོང་བ། གཞི་རིམ་དགེ་རྒན་གྱི་དཔུང་སྡེ་ཆེ་རུ་བསྐྱེད་པ་བཅས་ཀྱི་ཐད་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཐོན་ཐུབ་པ་ལས་གཞན། དེས་རྒྱལ་ཁབ་ཀྱིས་མི་རིགས་སློབ་གསོར་མཐོང་ཆེན་བླ་མེད་གནང་གིན་པའང་མངོན་པར་མཚོན་ཡོད་ལ།  མཚོ་སྔོན་གྱི་མི་རིགས་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།