བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་བོད་ཡིག་གནའ་གཞུང་ཉམས་གསོ་ལྟེ་གནས་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2015-04-04 09:46:00 ཀློག་གྲངས།:
     2015ལོར་བོད་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་རྒྱལ་ཁབ་རིམ་པའི་བོད་ཡིག་གནའ་གཞུང་ཉམས་གསོ་ལྟེ་གནས་འཛུགས་རྒྱུ་རེད།
     མཚམས་སྦྱོར་བྱས་པ་ལྟར་ན། གནའ་གཞུང་རྩ་ཆེན་སྲུང་སྐྱོང་ལེགས་པོ་བྱེད་ཆེད། བོད་ལྗོངས་ཀྱིས་གནའ་གཞུང་ཉམས་གསོའི་ཇུས་གཞི་བཟོ་འགོད་བྱས་ནས་རྩ་བརླག་ཏུ་འགྲོ་ཉེན་ཡོད་པའི་གནའ་གཞུང་ཉམས་གསོ་བྱེད་པའི་ལས་དོན་སྤེལ་རྒྱུ་དང་གཅིག  ད་ཡོད་ཀྱི་ཤེས་ལྡན་མི་སྣ་དང་། ལག་རྩལ། སྒྲིག་ཆས་ལ་སོགས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་གནའ་གཞུང་རྩ་ཆེན་བརྒྱའི་པར་ལེན་པར་གཞིའི་དཔེ་ཚོགས་དཔེ་སྐྲུན་བྱེད་མགོ་རྩོམ་རྒྱུ་དང་གཉིས། བོད་ལྗོངས་ཡོངས་ཀྱི་གནའ་གཞུང་ཡོངས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་དང་གསུམ་བཅས་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།