《མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་འཚོལ་སྡུད་དང་བསྒྱུར་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-02 09:34:00 ཀློག་གྲངས།:

འདམ་འཇིལ་ལི།

     2012ལོ་ནས་མགོ་བརྩམས་ཏེ་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་བཀོད་སྒྲིག་མཛད་པ་ལྟར།  འབྲེལ་ཡོད་ལས་བྱེད་མི་སྣ་སྐོར་ཞིག་ས་ཁག་སོ་སོར་ཚན་ཆུང་རེ་བགོས་ཏེ་སོག་རིགས་དང་བོད་རིགས་ཀྱི་ས་མིང་ལོ་རྒྱུས་རིག་གནས་འཚོལ་བསྡུ་བྱེད་དུ་མངགས།
     ད་སྔ་གཏེར་ལེན་ཁ་དང་ན་གོར་མོ། ཐེམ་ཆེན་རྫོང་། གཏེར་ལམ་རྫོང་། དབུས་ལམ་རྫོང་། ཚྭ་འདམ་ཆེ་བ། ལིན་ཧའོ། མང་ནེ་བཅས་ཀྱི་ས་མིང་འཚོལ་བསྡུ་བྱ་བ་ཡོངས་སུ་མཇུག་རྫོགས་པ་མ་ཟད། བོད་ཡིག་དང་སོག་ཡིག་གི་རྒྱུ་ཆ་རྒྱ་ཡིག་ལ་བསྒྱུར་ནས་ཚར་ཡོད་པ་དང་བོད་རྒྱ་དང་སོག་རྒྱའི་དཔེ་ཆ་དཔར་སྐྲུན་གྱི་རྨང་གཞི་བརྟན་པོ་བཏིངས་ནས་ཞུ་དག་གི་བྱ་བའི་བརྒྱུད་རིམ་དུ་བསླེབས་ཡོད་པ་རེད།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ས་རྒྱའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིད་གྲུ་བཞི་མ325785ཡོད་པ་དང་མི་གྲངས་སུམ་འབུམ་བརྒྱད་ཁྲི་ཡོད་པས་ས་རྒྱ་ཆེ་ལ་འབྲོག་ལས་གཉེར་མཁན་མང་ཞིང་། མི་མེད་ས་སྟོང་ལུང་སྟོང་གི་གཞི་ཁྱོན་ཆེ་བ། མིང་བརྡ་གཅིག་གྱུར་ཅན་ཉུང་བ། བོད་སོག་འདྲེས་མའི་སྐད་གང་མང་ཡོད་པ། རྩོད་གཞིར་གྱུར་བའི་མིང་བརྡ་ཡོད་པ། བོད་ཀྱི་འབྲོག་ལས་ས་ཆ་ཁ་ཤས་སུ་སོག་སྐད་ཀྱི་མིང་བརྡ་ཐོགས་ཡོད་པ་དང་སོག་པོའི་འབྲོག་ལས་ས་ཆ་ཁ་ཤས་སུ་བོད་སྐད་ཀྱི་མིང་བརྡ་ཐོགས་ཡོད་པ་སོགས་ཡོད་པས་ཐད་ཀར་དུ་དོན་རྟོགས་དཀའ་བ། བོད་རྒྱ་སོག་གསུམ་ལ་མིང་གི་ཐོགས་ཚུལ་དང་འབོད་ཚུལ་མི་གཅིག་པ་རེ་ཡོད་པ་བཅས་ཀྱི་དཀའ་ཁག་གང་མང་ཞིག་གིས་འོག  ངལ་བ་ཁྱད་དུ་བསད་ནས་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་ལས་སྒྲུབ་མི་སྣ་ཡོངས་དང་འབྲེལ་ཡོད་ས་གནས་སོ་སོའི་རོགས་འདེགས་ལ་བརྟེན་ནས་གཟུགས་འདས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ། བཟོ་བཅོས་དང་སྒྲིག་བཟོ་གང་ཡང་མ་བྱས་ཤིང་ས་སྐྱེས་རྡོ་སྐྱེས་ཡིན་པའི་ས་མིང་རིག་གནས་ལོ་རྒྱུས་སྔོག་འདོན་དང་ཉར་ཚགས་བྱེད་པ་བཅས་ཀྱི་ཐད་དུ་རིན་ཐང་བླ་ན་མེད་པའི《མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》གྱི་འཚོལ་སྡུད་དང་བསྒྱུར་སྒྲིག་བྱ་བ་ལེགས་འགྲུབ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།