ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་མཇུག་དགོང་ཚོགས་སྐབས་གསུམ་པ་བསྡུས་པ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-26 10:06:00 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་མཇུག་དགོང་ཚོགས་སྐབས་གསུམ་པ་བསྡུས།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དཔྱིད་དཔལ་གསར་བའི་སྨོན་འདུན》ཞེས་པའི་
ཟླ་མཇུག་དགོང་ཚོགས་སྐབས་གསུམ་པ་བསྡུས།

     ཉེ་ཆར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དཔྱིད་དཔལ་གསར་བའི་སྨོན་འདུན》ཞེས་པའི་ཟླ་མཇུག་དགོང་ཚོགས་སྐབས་གསུམ་པ་སློབ་རའི་རྩལ་སྦྱོང་ར་བ་རུ་བདེ་ལེགས་ངང་བསྡུས།


དགོང་ཚོགས་ཡུལ་དངོས།

     བྱ་འགུལ་འདི་ལྟ་བུས་སློབ་རའི་དགེ་སློབ་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་པ་གང་ལེགས་བསྒྲུབས་ཤིང་སློབ་སྐབས་གསར་བའི་རེ་སྨོན་གཙང་མའི་མངོན་རྟགས་དེ་ལྷང་ལྷང་གི་གླུ་སྐད་ལ་ཉམས་བརྒྱད་ཀྱི་སྟངས་སྟབས་སྦྱར་ཏེ་ལོ་རིམ་རེ་ནས་གཙོ་སྒྲུབ་བྱ་དགོས་པའི་བཀོད་སྒྲིག་ལྟར་དུ་ད་ལོའི་ཟླ་གསུམ་པར་དམའ་འབྲིང་གསུམ་པའི་མཐར་ཕྱིན་སློབ་མར་འོས་བབས་པས། ཁོ་ཚོས་ཀྱང་མ་ཡུམ་སློབ་གྲྭར་དྲན་རྟེན་གྱི་ཚུལ་དུ་བོད་རིགས་ཞབས་བྲོ་དང་སོག་རིགས་ཞབས་བྲོ། རྒྱ་གར་ཞབས་བྲོ། དེང་རབས་ཞབས་བྲོ། ཁ་ཤགས། གླུ་དབྱངས། བཞད་གར། སྙན་ངག་གྱེར་འདོན་སོགས་རྣམ་པ6ཙམ་ལ་སྤྲས་ཏེ་འཛིན་གྲྭ་སོ་སོའི་གང་ལེགས་ཀྱི་སྟ་གོན་ལས་གཅིག་ལས་གཅིག་ལྷག་གི་གླུ་གར་གཞས་གསུམ་གྱིས་ལྟད་མོ་བ་སྟོང་ཕྲག་གསུམ་ལྷག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས།


དགོང་ཚོགས་ཡུལ་དངོས།

     རེབ་འདིའི་དགོང་ཚོགས་ལ་སློབ་གྲྭའི་འཚོ་བའི་སྡེ་ཁག་གི་གཅིག་མཐུན་གྱི་མཐུན་ སྒྲིལ་འོག གཞན་མཚུངས་མ་ཡིན་པའི་བོད་རིག་གནས་ཀྱི་སྣང་ཚུལ་མངོན་པར་དོད་པའི་གར་སྟེགས་ ཇུས་འགོད་དང་གློག་འོད་སྒྲིག་བཟོ་བྱས་ནས་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ ཚོགས་པའི་དགོང་ཚོགས་ཡག་པོ་ཞིག་བསྡུ་ཐུབ་པ་བྱུང་།
     ལྷག་པར་མཐར་ཕྱིན་ལ་ཉེ་བའི་སློབ་བུ་རེ་གཉིས་ཀྱི་སྐད་ངག་གི་འགྱུར་ཁུགས་དང་ཕྱིའི་ལུས་ཀྱི་མཛེས་སྡུག་གི་ཉམས་འགྱུར་ཕྲ་མོ་སང་སིང་དྲུག་འགྱུར་དུ་སྦྱར་བར་ཚོགས་ར་ཡོངས་ཟིང་ཆ་ཅན་དང་རྣམ་པ་འཁྲུག་ཆ་ཅན་དུ་བསྒྱུར།
     ཐེངས་འདིའི་དགོང་ཚོགས་ཀྱིས་སློབ་མ་རྣམ་པའི་དགའ་སྣང་དང་མོས་ཕྱོགས་སྐྱེད་སྲིང་བྱ་བར་ནུས་པ་གལ་ཆེན་ཐོན་པར་མ་ཟད། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་སློབ་རའི་རིག་གནས་ལ་གསོན་ཤུགས་དང་རེ་ཕུགས་གསར་བ་མངོན་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཅིག་ཀྱང་ཐོན་ཡོད་དོ།།


དགོང་ཚོགས་ཀྱི་ཟུར་ཞིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།