ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ཀན་སུའུ་ཀན་ལྷོ་རུ་བྱིས་དུས་ནས་བཟུང་བོད་ཡིག་སློབ་ཁྲིད་བྱེད་པ།
ཀན་སུའུ་ཀན་ལྷོ་རུ་བྱིས་དུས་ནས་བཟུང་བོད་ཡིག་སློབ་ཁྲིད་བྱེད་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-26 09:58:00
ཀློག་གྲངས།:
ཉེ་སྔོན། ཀན་སུའི་ཀན་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་དཀོན་ལོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་གསུང་རྒྱུར། ཀན་ལྷོ་ཁུལ་གྱིས་ཐོག་དང་པོར་བྱིས་དུས་ནས་བཟུང་བོད་ཡིག་སློབ་ཁྲིད་བྱེད་པ་ཡིན།
ཁོས་ད་དུང་བཤད་རྒྱུར། འབྲོག་ཁུལ་གྱི་མང་ཚོགས་ལ་འབྲེལ་འདྲིས་སྟབས་བདེ་ཡོང་ཆེད། མིག་སྔར་ཀན་ལྷོ་ཁུལ་གྱིས་གཞུང་ཞབས་པ་ཡོངས་རྩ་འཛུགས་བྱས་ཏེ་བོད་ཡིག་རྒྱུན་སྤྱོད་ཐ་སྙད་སློབ་སྦྱོང་བྱེད་པ་མ་ཟད། ཀྲུང་གོའི་འདུན་མ་སོགས་ཐ་སྙད4000ལྷག་བསྒྱུར་སྣོན་བྱས།
ཁོས་བཤད་རྒྱུར། སྔར་བོད་ཁུལ་གྱི་བྱིས་པ་རྣམས་ཀྱིས་སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་ད་གཟོད་བོད་ཡིག་དང་དབྱིན་ཡིག་སོགས་འདེམ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་ཡིན་ལ། ད་ལོ་ནས་བཟུང་ཁུལ་ཡོངས་སུ་བོད་སྐད་ཡིག་སྲུང་སྐྱོབ་བྱེད་པར་བྱིས་དུས་ནས་བཟུང་མགོ་རྩོམ་པ་མ་ཟད། ཡུལ་ཚོ་དང་སྡེ་བ་རུ་རིམ་གྱིས་བྱིས་སྐྱོང་ཁང་བཙུགས་ཏེ་བྱིས་པས་ཆུང་དུས་ནས་བཟུང་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས། བོད་ཁུལ་དུ་བོད་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་གཏན་ནས་མཚམས་བཞག་མ་མྱོང་ལ། ཉེ་བའི་ལོ་ནས་བཟུང་གོམ་སྟབས་ལྷག་ཏུ་ཇེ་མགྱོགས་སུ་བཏང་། 1996ལོའི་ཟླ6པའི་ཚེས1ཉིན། ཀན་ལྷོ་ཁུལ་གྱིས《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་བསྟར་སྲོལ་ཞིབ་ཕྲ》དངོས་སུ་ལག་བསྟར་བྱས་ཏེ། ཀན་ལྷོའི་བོད་ཁུལ་དུ་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་བྱེད་པར་ཅུང་འཐུས་ཚང་བའི་ལམ་ལུགས་འགན་སྲུང་བྱས་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་ལི་ཀོན་ཡུའུ་ཡིས་ཀན་ལྷོ་ཁུལ་གྱིས་བོད་སྐད་ཡིག་སྲུང་སྐྱོབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་ཁས་ལེན་བྱེད་པ་ཡིན་ལ། ཁོས་བཤད་རྒྱུར། བོད་ཡིག་བཤད་མི་ཤེས་པའི་བོད་མི་མང་དུ་འདུག་ཅིང་། བོད་སྐད་ཡིག་སྲུང་སྐྱོབ་བྱེད་པ་ནི་མིག་སྔར་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། བོད་སྐད་ཡིག་ཁྱབ་གདལ་དང་སྲུང་སྐྱོབ་བྱེད་པའི་དུས་མཉམ་དུ་དུས་དང་བསྟུན་ནས་བརྡ་ཆད་གསར་བ་ཡིག་སྒྱུར་གསར་སྤེལ་བྱེད་དགོས།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་བཅུའི་ནང་གི་གཅིག་ཡིན་ལ། ཀན་སུའི་ལྷོ་ཕྱོགས་སུ་ཆགས། མིག་སྔར་ཁུལ་འདིས་བོད་ཡིག་བཀོལ་སྤྱོད་བྱེད་མཁན་མི་གྲངས་ཁྲི40ལ་བུད་པ་དང་སྤྱིའི་མི་གྲངས་ཀྱི53.9%ཟིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།