ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་ནས་ལོ1300སྔོན་གྱི་སློབ་དཔོན་ཐོན་མིའི་བཞུགས་གནས་གསར་རྙེད་བྱུང་།
བོད་ལྗོངས་ནས་ལོ1300སྔོན་གྱི་སློབ་དཔོན་ཐོན་མིའི་བཞུགས་གནས་གསར་རྙེད་བྱུང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2015-03-18 15:05:00
ཀློག་གྲངས།:
ཉེ་ཆར། སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་བོད་ཡིག་གསར་གཏོད་བྱེད་མཁན་ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་བ་ནི། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཐོན་པ་ཡུལ་ཚོའི་ཐོན་པ་སྡེ་བ་ནས་གསར་རྙེད་བྱུང་།
ཟླ་བ་ཁ་ཤས་ཀྱི་ཡར་སྔོན་དུ། ཐོན་པ་སྡེ་བའི་སྡེ་མི་པདྨ་བསམ་འགྲུབ་ཀྱིས་སྡོད་ཁང་གཙང་སྤྲ་བྱེད་སྐབས། དཀྱིལ་དབུས་ཀྱི་ཁང་མིག་དེའི་གྱང་ལྡེབས་ངོས་སུ་སྦྱར་བའི་ཚགས་པར་ཆ་ཚང་བཀོག་པ་མ་ཟད། སྔོན་ཆད་གྱང་ངོས་སུ་བྱུག་པའི་ཚོན་རྩི་དཀར་པོ་དེའང་གཙང་སེལ་བྱས་རྗེས། ཡ་མཚན་པ་ཞིག་ལ་གྱང་ངོས་སུ་ཚོན་མདོག་སྣ་ལྔའི་ལྡེབས་རིས་ཡོད་པ་གསར་རྙེད་བྱུང་། པདྨ་བསམ་འགྲུབ་ཀྱི་ཡིད་ལའང་ཤར་མེད་པ་ནི། ཁོ་རང་ལོ་སུམ་ཅུ་ལྷག་ཏུ་བསྡད་པའི་ཁང་མིག་དེ་ནི། བོད་ཡིག་གསར་གཏོད་མཁན་སློབ་དཔོན་ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་བ་ཡིན་པ་རེད། གནས་ཚུལ་ཤེས་རྟོག་བྱུང་རྗེས་ཡུལ་ཚོ་སྲིད་གཞུང་གིས་དེ་མ་ཐག་ཏུ་ངོ་མཚར་ལྡེབས་རིས་ཀྱིས་ཕྱུག་པའི་ཁང་མིག་དེ་སྲུང་སྐྱོང་བྱས་པ་རེད།
ཚེས15ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ་དང་མཉམ་དུ་ཐོན་པ་སྡེ་བར་སོང་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་བླ་ལྷག་ཆེ་བའི་མི་སྣ་སློབ་དཔོན་ཐོན་མིའི་བཞུགས་གནས་རྙིང་བར་ལྟ་སྐོར་བྱེད་དུ་སོང་། གྱང་ངོས་ཀྱི་ལྡེབས་རིས་ཐོག་ཏུ་བྲིས་པའི་སློབ་དཔོན་ཐོན་མིའི་སྡོད་གནས་རྙིང་བ་དང་ད་ལྟའི་ཞིང་ཁྱིམ་ར་བ་དེ་གཉིས་ཀྱི་བཅའ་བཀོད་ཕལ་ཆེར་གཅིག་འདྲ་ཡིན་པ་རེད།
ཐོན་པ་སྡེ་བ་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ140ལྷག་གི་ས་ན་ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྔ་མོ་ནས་ས་གནས་དེ་ནི་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་ཞེས་བཤད་སྲོལ་ཡོད། འོན་ཀྱང་ཁོ་རང་བཞུགས་གནས་ངོ་མ་ས་གནས་གང་ཡིན་པ་ད་བར་ཤེས་མཁན་མེད། 1959ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱེད་སྐབས། ཞིང་ཁྱིམ་དབུལ་བོ་གསུམ་ལ་སྲིད་གཞུང་གིས་ལྟ་རྟོག་བྱས་ཏེ་ཁང་ཁྱིམ་ར་བ་ཆེན་པོ་ཞིག་གི་ནང་དུ་སྡོད་དུ་བཅུག ར་སྐོར་དེའི་དཀྱིལ་དབུས་ཀྱི་ཁང་མིག་ཆེན་པོ་དེ་ནི་རྗེས་མར་འབྲུ་མཛོད་བྱས་པ་རེད།
ཐོན་པ་སྡེ་བ་ནི་ཡུལ་ལྗོངས་མཛེས་ལ་གནའ་བོའི་སྡོང་རྒན་རྙིང་བ་དང་གཙང་ཆུ་ཤག་ཤག་བཞུར། རྩྭ་ཐང་སྔོན་མོའི་ས་གདན་ཁེབས་ཤིང་། བྱ་རིགས་སྣ་ཚོགས་ཀྱིས་དྲུག་འགྱུར་སྙན་དབྱངས་སྒྲོག ས་གནས་དེ་རུ་ད་བར་དུ་ངག་རྒྱུན་ཁྲོད་ཀྱི་ཐོན་མི་སམ་བྷོ་ཊས་གསར་གཏོད་བྱས་པའི་བོད་སྤོས་དང་བོད་ཤོག བརྐོས་རིས་སོགས་ཡོད། གསར་འགོད་པས་མཐོང་བ་ལྟར་ན། ཆུ་ཕྲན་ཡོད་ཚད་ཀྱི་ཐོག་ཏུ་ཁྱིམ་ཚང་སོ་སོས་བོད་སྤོས་ཐོན་སྐྱེད་བྱེད་བཞིན་ཡོད་པ་མ་ཟད། ཁྱིམ་ཚང་མང་པོ་ཞིག་གིས་བོད་ཤོག་དང་ཤིང་རྐོས་ཆུང་ཆུང་སོགས་བཟོ་བཞིན་ཡོད། ཡུལ་ཚོའི་དཔོན་པོ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། དེ་དག་ཚང་མ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཡིན་ལ། དེ་དག་བཟོ་སྐྲུན་བྱེད་པའི་ལག་རྩལ་ནི་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་ད་བར་དུ་རྒྱུན་འཛིན་བྱུང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཐོན་པ་སྡེ་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གསར་སྤེལ་བྱས་ཏེ། སྔར་ལས་མི་མང་པོ་ཞིག་ལ་བོད་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་པ་གཏན་ཁེལ་བྱས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།