དྲི་བ་དྲིས་ལན་གྱི་དྲ་བ་གངས་རྒོད་སྤྲོ་སྐྱིད་གླིང་དངོས་སུ་ཤར་གཏོང་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-12 09:36:00 ཀློག་གྲངས།:

 

     བརྡ་འཕྲིན་གྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་རབས་ཉེར་གཅིག་གི་དུས་འདིར་མཐོ་སྒང་གི་ཡུལ་གྲུ་འདིར་ཆ་འཕྲིན་གྱི་ཕོ་ཉ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་ཕྱོགས་ག་ས་ག་ནས་གསར་དུ་ཐོན་བཞིན་འདུག  གནས་བབས་དེ་འདྲའི་ཁྲོད་ཆ་འཕྲིན་ཐོག་ནས་བོད་སྐད་ཡིག་ཤེས་བྱ་མཉམ་སྤྱོད་དང་འོས་སྦྱོར་བྱེད་ཐུབ་པའི་ཤེས་བྱའི་སྟེགས་བུ་གཅིག་བཟོ་དགོས་བསམ་ཏེ་གངས་རྒོད་སྤྲོ་སྐྱིད་གླིང་ཞེས་པའི་སྐད་འཕྲིན་སྤྱི་སྟེགས་གསར་བཟོ་བྱས་པ་ཡིན།
     གངས་རྒོད་སྤྲོ་སྐྱིད་གླིང་ནི་སྤྱི་ལོ2013ལོའི་ཟླ་བ10པའི་ནང་བཟོས་པའི་འཕྲིན་ཕྲན་སྟེགས་བུ་ཞིག་རེད། དེ་ཡང་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དང་། བོད་ཀྱི་རིག་གནས་རྒྱུན་ཤེས་སོགས་བོད་སྐད་ཡིག་དང་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་སྐྱེ་བོ་རྣམས་ལ་མཁོ་འདོན་དང་མཉམ་སྤྱོད་བྱེད་པའི་ཀུན་སློང་བཟང་པོ་ཞིག་ཁྱེར་ཏེ་ལོ་གཅིག་ལྷག་རིང་གི་དུས་ཡུན་ནང་སྤྱིར་བཏང་དུ་ཉིན་མི་རེ་ངོ་རེར་ནང་དོན་གསར་སྤེལ་བྱེད་པ་དང་། དོ་སྣང་བྱེད་མཁན་གྱི་དགོས་མཁོ་ལྟར་དྲི་བ་མི་འདྲ་བར་ལན་འདེབས་ཀྱི་ཡོད་པས་ཀློག་པ་པོ་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད།

     ད་ཐེངས་གངས་རྒོད་སྤྲོ་སྐྱིད་གླིང་ནས་སླར་ཡང་གོམས་སྟབས་མདུན་བསྐྱོད་ཀྱིས་ཕ་སྐད་ལ་དུངས་ཞེན་ཟབ་པའི་སྤུན་ཟླ་རྣམས་ལ་ཞབས་ཞུ་སྒྲུབ་ཆེད་དུ་གངས་རྒོད་སྤྲོ་སྐྱིད་གླིང་སྐད་ཡིག་དྲ་བ་ཤར་གཏོང་བྱས་ཡོད། ཐེངས་འདིའི་དྲ་གནས་འདིརWordPress4.0ལག་རྩལ་བེད་སྤྱོད་བྱས་ནས་གསར་དུ་བཟོས་པ་ཡིན་ཞིང་། དེ་ནི་ད་སྔ་བོད་ཡིག་ཐོག་ནས་ཆ་ཆང་ཤོས་དང་ནུས་པ་ཆེ་ཤོས་ཀྱི་དྲི་བ་དྲི་ལན་གྱི་དྲ་གནས་ཤིག་ཏུ་ཆགས་ཡོད། དེའི་ཐད་བོད་ཡིག་བརྡ་འཕྲིན་ལག་རྩལ་འགན་ཁུར་པ་གླིང་སྨྱོན་དང་ལུག་ཚང་དཔལ་ཡོན་འགན་ཁུར་པ་རྒན་ཡེ་ཤེས་བསྟན་འཛིན། ས་མཐར་འཁྱམ་པའི་དྲེད་མོང་གི་འགན་ཁུར་པ་དངོས་གྲུབ། བྱང་ཤར་སློབ་ཆེན་གྱི་གྲོགས་པོ་སྐར་མ་དོན་གྲུབ་བཅས་པའི་དངོས་ཤུགས་གཉིས་ཀྱི་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ལ། ལྷག་པར་དུ་འགྲོ་གྲོན་ཐད་རྒྱ་ཆེའི་ཐུགས་ཁུར་པ་མང་པོའི་ཡིད་མཐུན་རོགས་སྐྱོར་འོག་མ་དངུལ་གྱི་དཀའ་ངལ་བདེ་བླགས་ངང་སེལ་བྱུང་བས་བཀའ་དྲིན་ཆེ་ཞུ། 

     སླད་མ་འོངས་པའི་དུས་ཚོད་ནང་གངས་རྒོད་སྤྲོ་སྐྱིད་གླིང་ནས་སྤུས་ཚད་དང་དོན་སྙིང་གཉིས་ཀ་ལྡན་པའི་བོད་ཡིག་དྲ་ཐོག་ལས་ཀ་ཞིག་གཉེར་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ལ་འབད་རྩོན་ཡང་ལྷོད་མེད་བྱ་རྒྱུ་ཡིན། 
     འདི་ནི་རིག་གནས་ཀྱི་ཆུ་གཏེར་ཡིན་ལ། འདི་གར་ཡོད་པ་ནི་ཁྱེད་ལ་མཁོ་བ་དེ་ཡིན། ཁྱེད་ཀྱིས་དྲ་ཚིགས་འདིའི་ནང་དྲི་བ་འདོན་ཆོག་ལ་དྲི་ལན་འདེབས་ཆོག་པ་དང་། ད་དུང་མི་སྒེར་དང་ཕན་ཚུན་རང་རང་གི་ལྟ་ཚུལ་བགྲོ་གླེང་བྱ་ཆོག་པ་མ་ཟད། གཞན་གྱི་དྲིས་ལན་ལ་ལུགས་དང་མཐུན་པའི་གདེང་འཇོག་དང་ངོ་རྒོལ་ཡང་བྱས་ཆོག  དེ་ལས་ཡག་པའི་དྲིས་ལན་ཡོད་ན་རང་མོས་ཀྱིས་དྲིས་ལན་ཁ་སྣོན་བྱེད་པར་དགའ་བསུ་ཞུ་བ་ཡིན། དེ་མིན་བསགས་སྐར་མཐོན་པོ་བྱུང་ཚེ་ང་ཚོས་ཁྱེད་ལ་དམིགས་བསལ་གྱི་བྱ་དགའ་ཡང་སྤྲོད་རྒྱུ་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།