དཀར་མཛེས་ཁུལ་གྱིས་ད་ལོ་ནས་བཟུང་ལོ15ཡི་རིན་མེད་སློབ་གསོ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-10 10:22:00 ཀློག་གྲངས།:
     ཟླ3པའི་ཚེས6ཉིན་གྱི་ཆུ་ཚོད16སྟེང་། དཀར་མཛེས་ཁུལ་དར་མདོ་སློབ་འབྲིང་གིས་དཔྱིད་དུས་སློབ་སྐབས་གསར་བའི་སློབ་མའི་ཚོགས་ཆེན་དང་པོ་བསྡུས་ཤིང་། སློབ་མ་དག་གིས་ཡིད་སེམས་འཁོལ་བའི་གནས་ཚུལ་གསར་བ་ཐོས་པ་སྟེ། ད་ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་དཀར་མཛེས་ཁུལ་གྱིས་ཕྱོགས་ཡོངས་ནས་མཐོ་འབྲིང་སློབ་གསོའི་སློབ་རིན་དང་དཔེ་རིན་མི་ལེན་པའི“རིན་མེད་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།
     2013ལོའི་སྟོན་དུས་སུ། དཀར་མཛེས་ཁུལ་གྱིས་ཁུལ་ཡོངས་སུ་སློབ་སྔོན་སློབ་གསོའི་རིན་མེད་སྲིད་ཇུས་ལག་བསྟར་བྱས་ལ། ཐེངས་འདིར་ཡང་མཐོ་འབྲིང་གི“རིན་མེད་གཉིས”ཀྱི་སྲིད་ཇུས་སྤེལ་བ་འདིས་དཀར་མཛེས་ཁུལ་གྱིས་ཕྱོགས་ཡོངས་ནས་སློབ་སྔོན་སློབ་གསོ་དང་། སློབ་ཆུང་། སློབ་འབྲིང་། དེ་ནས་མཐོ་འབྲིང་བཅས་ལོ15ཡི་རིན་མེད་སློབ་གསོ་ལག་བསྟར་བྱས་པ་མཚོན་ཞིང་། དཀར་མཛེས་ཁུལ་གྱི་རྫོང18དང་མཐོ་འབྲིང་སློབ་གྲྭ12ཡི་མཐོ་འབྲིང་སློབ་མ10700ཡིས་ད་ལོར་སྲིད་ཇུས་གསར་བ་འདི་མྱོང་ཐུབ་རྒྱུ་རེད།
     《དཀར་མཛེས་ཁུལ་གྱིས་མཐོ་འབྲིང་གི“རིན་མེད་གཉིས”ཀྱི་སློབ་གསོའི་འཆར་ཟིན་སྤེལ་བ》ལྟར་ན། ད་ལོར་དཀར་མཛེས་ཁུལ་གྱི་མཐོ་འབྲིང་སྐབས་ཀྱི་སློབ་ཞུགས་ཚད70%ལ་སླེབས་རྒྱུ་དང་། 2020ལོ་ལ་ཐོན་དུས་མཐོ་འབྲིང་སློབ་གསོ་ཁྱབ་རྡལ་དུ་གཏོང་བའི་དམིགས་འབེན་འགྲུབ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།