གསེར་དངུལ་ཐང་རྩོམ་རིག་དཔེ་ཚོགས་དེབ་ཕྲེང་གཉིས་པ་དངོས་སུ་འགྲེམ་སྤེལ་བྱས།
ཉེ་ཆར། མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དུས་ཡུན་ལོ་ཕྱེད་རིང་སེམས་ཞིབ་མོས་རྩོམ་སྒྲིག་གནང་བའི་གསེར་དངུལ་ཐང་རྩོམ་རིག་དཔེ་ཚོགས་དེབ་ཕྲེང་གཉིས་པ༼མཚོ་བྱང་ཁུལ་རོང་འབྲོག་རྩོམ་པ་པོའི་གླེགས་བམ༽དངོས་སུ་པར་བསྐྲུན་འགྲེམ་སྤེལ་གནང་སྟེ། ཞིང་ཆེན་གྱི་བློ་མཐུན་རྣམ་པའི་གདེང་འཇོག་ལེགས་པོ་ཐོབ་པ་རེད།
མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདི་ལྟ་བུའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མཚོ་བྱང་ཁུལ་གྱི་ཕུལ་བྱུང་ན་གཞོན་རྩོམ་པ་པོ་རྣམས་ལ་དཔེ་འགྲེམ་གྱི་དཀའ་གནད་ཐག་གཅོད་དང་ཁོ་ཚོར་གཞི་རིམ་དུ་གསར་རྩོམ་རྐང་ཚུགས་པའི་སྤྲོ་སེམས་ལ་སྐུལ་ལྕག་བྱེད་ཅིང་། དུས་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་རིག་གནས་བྱ་སྒྲུབ་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། མི་དམངས་ཁྲོད་དཔལ་ཡོན་དང་འཆམ་མཐུན་བརྒྱུད་སྒྲོག་བྱེད་པའི་སྣེ་ཁྲིད་པ་ཞིག་བྱེད་པར་རེ་བ་བཅངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com