བོད་ལྗོངས་དཔེ་རྙིང་ཉམས་གསོ་རྟེན་གཞིའི་སྒོ་བྱང་ད་ལོར་དགལ་རྒྱུ་རེད།
ཉེ་ཆར། རྒྱུས་ལོན་བྱུང་བ་ལྟར་ན་བོད་རང་སྐྱོང་ལྗོངས་དཔེ་རྙིང་ཞིག་གསོ་རྟེན་གཞིའི་སྒོ་བྱང་ད་ལོར་དགལ་ནས་དཔེ་རྙིང་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་རེད།
བོད་ལྗོངས་ཀྱིས་ཐབས་ལམ་གཉིས་ནས་ཉམས་ཉེན་ཆེ་བའི་དཔེ་རྙིང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་གདོད་མའི་རང་བཞིན་གྱི་སྲུང་སྐྱོབ་ཞེས་པ་སྟེ་མ་དཔེ་དངོས་ལ་མྱུར་སྐྱོབ་བྱ་རྒྱུ་ཡིན་པ་དང་། གཉིས་ནས་བསྐྱར་གསོ་རང་བཞིན་གྱི་སྲུང་སྐྱོབ་ཞེས་པ་སྟེ་དཔེ་རྙིང་གི་ནང་དོན་ལ་འདྲ་བཤུ་དང་པར་ལེན། གྲངས་འཛིན་ཅན་དུ་བསྒྱུར་བ་བཅས་བྱ་རྒྱུ་རེད།
བོད་ལྗོངས་ཀྱིས2008ལོ་ནས་དཔེ་རྙིང་ཁྱབ་བཤེར་དང་ཐོ་འགོད་ཀྱི་བྱ་བ་འགོ་བརྩམས་ཤིང་། སྨིན་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད་པ་སྟེ། ཁྱོན་བསྡོམས་དཔེ་རྙིང་ཁྱབ་བཤེར་གྱི་དཔེ་དེབ7པར་བསྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com