《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ》དཔར་བསྐྲུན་གནང་བ།
《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ》དཔར་བསྐྲུན་གནང་བ།
《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ》པོད1ནས95འདི་ནི་ཧི་མ་ལའི་རིག་མཛོད་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྡུ་སྒྲིག་མཛད་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་གནང་སྟེ་ད་ནི་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ཅིང་། མི་འགྱངས་བར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་དགྲམ་པའི་གྲ་སྒྲིག་གནང་བཞིན་ཡོད། 《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོའི》དཔེ་ཆ་འདི་ལ་གོ་ཐུམ་ཅན་དང་ཤོག་ཐུམ་ཅན་གྱི་རིགས་གཉིས་ཡོད་པ་དང་། གོ་ཐུམ་ཅན་ལ་དམངས་སྒོར་ཁྲི་གསུམ་དང་། ཤོག་ཐུམ་ཅན་ལ་དམངས་སྒོར་སྟོང་བརྒྱད་རེད། གལ་སྲིད་མངག་ཉོ་བྱེད་མཁན་མཆིས་ན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་འགྲེམ་སྤེལ་ཁང་ལ་འབྲེལ་གཏུག་གནང་རོགས། མི་རིགས་དཔེ་སྐྲུན་ཁང་བོད་ཡིག་འགྲེམ་སྤེལ་ཁང་གི་ཁ་པར་ཨང་གྲངས010-64227665རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com