ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བསྒྱུར་སྒྲིག་ལྟེ་གནས་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-28 10:38:00 ཀློག་གྲངས།:

  ཉེ་ཆར། བོད་ལྗོངས་ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བསྒྱུར་སྒྲིག་ལྟེ་གནས་དངོས་སུ་བཙུགས་ཤིང་། ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་ཚོད་གཏོང་བྱེད་འགོ་བརྩམས། དེས་ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་ལོ་རྒྱུས་གྱི་འཕེལ་རིམ་གསར་བ་ཞིག་ཏུ་བསླེབས་པ་མངོན་པར་མཚོན་ཐུབ།
  རྒྱུས་ལོན་བྱུང་བ་ལྟར་ན་བརྒྱུད་སྒྲོག་གི་ནུས་པ་དང་གླེང་ཕྱོགས་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་ཆེད། ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རང་གྲབས་མ་དངུལ་སྒོར་ས་ཡ་གཉིས་ལྷག་བསྡུས་ནས་ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་ལམ་བཙུགས་ཐོག ནག་ཆུའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བསྒྱུར་སྒྲིག་ལྟེ་གནས་བཙུགས་པས། རྒྱ་ཆེའི་མང་ཚོགས་རྣམས་ལ་བོད་སྐད་ཀྱི་ལེ་ཚན་མང་པོ་འདོན་སྤྲོད་བྱས་ནས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་།

 

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།