བོད་ལྗོངས་སློབ་ཆེན་ལ2015ལོའི་ཀྲུང་གོའི་སློབ་ཆེན་གྱི་གསར་གཏོད་བྱས་རྗེས་བྱ་དགའ་ཨང་གསུམ་པ་ཐོབ།
ཉེ་ཆར། 《2015ལོའི་ཀྲུང་གོའི་སློབ་ཆེན་གྱི་གདེང་འཇོག་ཞིབ་འཇུག་སྙན་ཞུ》ཁྲོད་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭ་ཕྱོགས་བསྡུས་དངོས་ཤུགས་ཀྱི་ཨང་རིམ་ཁྱབ་བསྒྲགས་བྱས། 2015ལོའི་ཀྲུང་གོའི་སློབ་ཆེན་གྱི་གསར་གཏོད་བྱས་རྗེས་བྱ་དགའི་ཨང་རིམ་ཁྲོད་བོད་ལྗོངས་སློབ་ཆེན་དེ་ཆིན་ཧྭ་སློབ་ཆེན་དང་ཧི་ནན་བཟོ་ལས་སློབ་ཆེན་གྱི་འཕྲོར་ཐུང་ཅི་སློབ་ཆེན་དང་པེ་ཅིང་སྦྲག་སྲིད་གློག་འཕྲིན་སློབ་ཆེན་གཉིས་དང་མཉམ་དུ་ཨང་གསུམ་པར་བདམས་འདུག
བོད་ལྗོངས་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། སློབ་གྲྭ་དེ་གའི་སྔ་ཕྱི་རུ་ཆ་འཕྲིན་ལག་རྩལ-བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི-ཁོངས་སྐྱེད་ཚོགས་སྤྱི་ཞེས་པ་དང་། ཆ་འཕྲིན་ལག་རྩལ-ཆ་འཕྲིན་བརྗེ་རེས་སུ་སྤྱོད་པའི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི-གཞི་རྩའི་ཚོགས་སྤྱི་ཞེས་པའི་ཚད་ལྡན་གྱི་ལས་གཞི་སོ་སོར2008ལོ་དང2010ལོའི་རྒྱལ་ཁབ་ཀྱི་ཚད་ལྡན་གསར་གཏོད་བྱས་རྗེས་བྱ་དགའ་ཨང་དང་པོ་ཐོབ་མྱོང་བ་རེད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ལགས་ཀྱིས་བཤད་རྒྱུར། ང་རང་ནང་ཞུགས་བྱས་ནས་ལེགས་འགྲུབ་བྱུང་བའི་ཚད་ལྡན་ལས་གཞི་དེ་གཉིས་ལ་རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་ཀྱི་ཞིབ་བཤེར་དང་གསལ་འབྱེད་བརྒྱུད་ནས་རྒྱལ་སྤྱིའི་ཚད་ལྡན་དུ་གཏན་འབེབས་བྱས་པས། བོད་ཡིག་དེ་རང་རྒྱལ་དུ་ཆ་འཕྲིན་བརྗེ་རེས་སུ་རྒྱལ་སྤྱིའི་ཚད་ལྡན་གྱི་ཨང་སྒྲིག་བཀོལ་བའི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཐོག་མ་རུ་གྱུར་ལ། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་གནའ་བོའི་བོད་ཀྱི་རིག་གནས་ཁྱབ་བརྡལ་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞེས་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com