ཀྲུང་གོའི《སཾ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད》ཐོག་མའི་རྩོམ་སྒྲིག་བྱ་བ་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-14 09:32:00 ཀློག་གྲངས།:
  རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས་འགན་འཁུར་པའི《སཾ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད》རྩོམ་སྒྲིག་བྱ་བའི་ལས་གཞི་ལ་ཆོག་མཆན་ཐོབ་ཅིང་། རྩོམ་སྒྲིག་ཚན་ཆུང་གིས་བརྡ་འགྲེལ་བསྡུ་ཉར་བྱེད་འགོ་བརྩམས་པ་རེད།
  《སཾ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད》རྩོམ་སྒྲིག་ཚན་ཆུང་གི་ཚན་གཙོ་དངོས་གྲུབ་ཚེ་རིང་ལགས་ཀྱིས་བཤད་རྒྱུར། སཾ་བོད་དང་། སཾ་རྒྱ། སཾ་དབྱིན་སྐད་གཉིས་ཀྱི་ཚིག་མཛོད་དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་མཐོང་རྒྱུ་ཡོད་ཀྱང་། སཾ་བོད་རྒྱ་དབྱིན་བཅས་ཡིག་རིགས་བཞིའི་ལམ་ནས་སྒྲིག་པའི་ཤན་སྦྱར་ཚིག་མཛོད་ཅིག་ད་དུང་བསྒྲིགས་མི་འདུག་པས། བོད་རིག་པའི་ཞིབ་འཇུག་རྒྱལ་སྤྱིའི་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས་ཡིག་རིགས་བཞིའི་ཤན་སྦྱར་ཚིག་མཛོད་ཅིག་བསྒྲིག་དགོས་པ་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་ཅེས་བརྗོད་པ་རེད།
  ཚིག་མཛོད་འདིའི་རྩོམ་སྒྲིག་ཚན་ཆུང་ཁྲོད་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་། ཕོ་བྲང་པོ་ཏ་ལ། བོད་ལྗོངས་སློབ་ཆེན་སོགས་ཡོད་ལ། ཁོང་ཚོས་གཙོ་བོ་བོད་བརྒྱུད་ནང་བསྟན་དང་། སྔ་མའི་རྒྱ་གར་གྱི་རིག་གནས། བོད་ཀྱི་རིག་གནས་ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།