སྣར་ཐང་པར་གཞིའི《བསྟན་འགྱུར》གྱི་དཔར་ཤིང་ཁྲི7ལྷག་བརྐོས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-12 11:49:00 ཀློག་གྲངས།:

纳塘版《丹珠尔》大藏经已刻制7万余板
སྣར་ཐང་པར་གཞིའི《བསྟན་འགྱུར》གྱི་དཔར་ཤིང་ཁྲི7ལྷག་བརྐོས་པ།

  རྒྱུས་ལོན་བྱུང་བ་ལྟར་ན། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པས་བཀའ་བསྟན་མྱུར་སྐྱོབ་དང་དཔར་སྐྲུན། འགྲེམ་སྤེལ་གྱི་བྱ་བ་ཧུར་ཐག་གིས་བསྒྲུབས་པར་བརྟེན། མིག་སྔའི་བར་སྣར་ཐང་པར་གཞིའི《བསྟན་འགྱུར》གྱི་དཔར་ཤིང་ཁྲི7ལྷག་བརྐོས་ནས། ཞུ་དག་དང་སྒྲིག་དཔར་གྱི་བྱ་བའང་བསྒྲུབས་ཚར་པ་རེད།
  ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པས་དེའི་མཚུངས་སུ་ལྷ་སའི་པར་གཞིའི《བཀའ་འགྱུར》ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཞིང་། བོད་ཤོག་སྟེང《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ》སོགས་དཔར་སྐྲུན་དང་འགྲེམ་སྤེལ་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་དགོན་སྡེའི་མཁོ་འདོད་ཚིམས་པར་བྱས།
  སྣར་ཐང་དཔར་ཁང་ནི་གཞིས་ཀ་རྩེའི་སྣར་ཐང་དགོན་དུ་ཡོད་ལ། བོད་ལྗོངས་ཀྱི་ཆེས་སྔ་བའི་དཔར་ཁང་རེད། དེ་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་བཀའ་ལྟར《བསྟན་འགྱུར》པར་དུ་བསྐྲུན་པའི་ཆེད་དུ་བསྐྲུན་པ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།