རང་རྒྱལ་གྱིས་ཐེངས་དང་པོར་སོག་པོའི་བོད་ཡིག་བསྟན་བཅོས་འཚོལ་སྡུད་དང་ལེགས་སྒྲིག་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-08 12:51:00 ཀློག་གྲངས།:
  ཉེ་ཆར། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཙོ་བོ་སྟེ་ཡོན་དང་། མིང་། ཆིང་བཅས་རྒྱལ་རབས་གསུམ་གྱི་སོག་པོའི་བོད་ཡིག་བསྟན་བཅོས་སྔོག་འདོན་དང་། ལེགས་སྒྲིག  ཞིབ་འཇུག་བྱེད་པའི་ལས་གཞི་ཁྱོན་ཡོངས་སུ་སྤེལ་འགོ་བརྩམས་ཤིང་། དེས་ཀྲུང་གོའི་ཐེངས་དང་པོར་སོག་པོའི་བོད་ཡིག་བསྟན་བཅོས་འཚོལ་སྡུད་དང་ལེགས་སྒྲིག་བྱ་བ་དངོས་སུ་འགོ་བརྩམས་པ་མཚོན།
  སོག་པོའི་རིག་གནས་ལོ་རྒྱུས་སྟེང་། སོག་པོའི་བླ་སྤྲུལ་རྣམས་ཀྱིས་བོད་ཡིག་གི་ལམ་ནས་བསྟན་བཅོས་སྣ་ཚོགས་བརྩམས་མྱོང་ཡོད་པར་མ་ཟད། དེར་ལོ་རྒྱུས་རིང་མོ་ལྡན་པ་རེད། སོག་པོའི་བླ་སྤྲུལ་རྣམས་ཀྱི་བོད་ཡིག་གི་བརྩམས་ཆོས་བརྩམས་པ་དང་སོག་ཡིག་གི་བརྩམས་ཆོས་བརྩམས་པའི་དུས་ནི་ཕལ་ཆེར་དུས་མཉམ་ཞིང་། དུས་རབས18པ་དང་དུས་རབས19པའི་ནང་དར་ཞིང་རྒྱས་ལ་གྲུབ་འབྲས་ཀྱང་ལེགས་པོ་ཐོན།
  ལས་གཞི་དེའི་ཁྲོད་ནང་སོག་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཞུགས་ཡོད་ལ། དེ་ལས་གཞན་དབྱིན་ཇིའི་ཁེམ་པུ་རིས་ཅིས་སློབ་ཆེན་དང་། སོག་པོའི་ཚན་རིག་སློབ་གླིང་། སོག་པོའི་རྒྱལ་བཙུགས་སློབ་ཆེན་སོགས་ཕྱི་རྒྱལ་གྱི་རིག་གཞུང་སྡེ་ཁག་ཀྱང་ཞུགས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།