ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་བྱིས་པ་རྣམས་ལ་དབྱིན་སྐད་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-07 08:48:00 ཀློག་གྲངས།:


ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དབྱིན་སྐད་གཏམ་བཤད་འགྲན་སྡུར་སྤེལ་བཞིན་པའི་ཚུལ།

     ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སློབ་མ་རྣམས་ཀྱི་དབྱིན་སྐད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད། སློབ་ར་ཡོངས་ལ་ཁ་ཕྱོགས་ཏེ་སློབ་མ་རྣམས་ལ་དབྱིན་སྐད་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།
     ཆུང་དུས་ནས་བཟུང་། སློབ་མ་རྣམས་ཀྱིས་སྐད་རིགས་མང་པོ་ཁོང་དུ་ཆུད་པར་རྨང་གཞི་བརྟན་མོ་ཞིག་འདིང་བ་དང་། ལྷག་ཏུ། དབྱིན་སྐད་ཀྱི་སྨྲ་ལྕེ་དག་མོ་ཞིག་ཡོང་ཆེད། སློབ་མ་རྣམས་ལ་དབྱིན་སྐད་འགྲན་སྡུར་གྱི་གར་སྟེགས་ཤིག་བསྐྲུན། དེ་ཡང་ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་སོ་སོ་ནས་ཡོང་བའི་འགྲན་ཞུགས་འཐུས་ཚབ་པ་སློབ་མ་དགུ་ཙམ་ཡོད་ལ། ཁོ་ཚོའི་སྨྲ་ལྕེ་དག་མོ་ལས་ཐོན་པའི་གཏམ་བཤད་ལ་ཉན་མཁན་རྣམས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ།
     ཐེངས་འདིའི་འགྲན་སྡུར་བརྒྱུད་ནས་ན་ཆུང་བྱིས་པ་རྣམས་ལ་ཆུང་དུས་ནས་བཟུང་རང་གི་ཕ་སྐད་གཙོ་བྱས་ཐོག་སྐད་རིགས་གཞན་པར་འཇུག་པའི་འདུ་ཤེས་དང་བག་ཆགས། བློ་སྐྱེད་བཟང་བོ་ཞིག་ཆགས་པར་རྨང་གཞི་ལེགས་པོ་བཏང་།



འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།