རྔ་བ་ཁུལ་གྱིས་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་ཀློག་དེབ་རྩོམ་བསྒྱུར་ལས་ཀར་སྐུལ་འདེད་བཏང་བ།

རྩོམ་པ་པོ།:དབང་ཕྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-21 09:29:00 ཀློག་གྲངས།:


རྔ་བ་ཁུལ་གྱིས་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་ཀློག་དེབ་རྩོམ་བསྒྱུར་ལས་ཀར་སྐུལ་འདེད་གཏོང་བ།

  ཟླ11པའི་ཚེས11ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་ཁུལ་ཡིག་རྩོམ་བསྒྱུར་ཅུས་སུ་ཕེབས་ནས།  རང་ཁུལ་གྱི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་ཀློག་དེབ་རྩོམ་བསྒྱུར་ལས་ཀ་སྐུལ་འདེད་གནས་ཚུལ་ལ་ཆེད་དུ་གསན།  ཁོང་གིས་ནན་གྱིས་བསྟན་དོན།  བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་རྩོམ་བསྒྱུར་ལས་ཀ་ལེགས་སྒྲུབ་བྱེད་པ་ནི་རང་ཁུལ་གྱིས་སློབ་གསོ་ལས་ཀར“ཕྱོགས་གསུམ”ལ་དམིགས་པ་དང་། སྐད་གཉིས་སློབ་གསོར་ཤུགས་ཆེན་གྱིས་སྐུལ་འདེད།  བོད་རྒྱ་སྐད་གཉིས་མཁས་ཅན་གསོ་སྐྱོང་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས།  ངེས་པར་དུ་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཤེས་རྟོགས་ཆོས་ཉིད་དང་སེམས་ཁམས་ཀྱི་ཆོས་ཉིད་ཁོང་ཆུད་བྱ་དགོས་པ་དང་།  མི་རིགས་ཀྱི་རིག་གནས་ཁྱད་ཆོས་ཧུར་ཐག་གིས་འབུར་ཐོན་དང་དར་སྤེལ་བྱས་ནས།  “རྩོམ་སྒྲིག་དང་།  ཡིག་བསྒྱུར།  ཞིབ་དཔྱད།  པར་བསྐྲུན”བཅས་ཀྱི་ལས་ཀའི་བརྒྱུད་རིམ་ལྟར།  སློབ་མའི་ཡིད་ཚིམ་པའི་བོད་ཡིག་ཀློག་དེབ་རྩོམ་བསྒྱུར་ལེགས་པོ་བྱེད་པར་བརྟེན།  རང་ཁུལ་གྱི་བོད་ཁུལ་སློབ་གྲྭ་འབྲིང་ཆུང་གི་སྐད་གཉིས་སློབ་གསོ་སློབ་ཁྲིད་ཤུགས་སྣོན་དང་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས།
  ལོ་བཅོ་ལྔའི་འོས་འགན་སློབ་གསོ་དང་ལྷག་པར་དུ་སློབ་ན་མ་སོན་པའི་སློབ་གསོ་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་གཏོང་བ་དང་།  བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་དཀོན་པའི་གནད་དོན་ཏན་ཏིག་གིས་ཐག་གཅོད་ཆེད།  ད་ལོའི་ཟླ9བར།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་པུའུ་ཡི《ལོ3ནས6བར་གྱི་བྱིས་པའི་སློབ་སྦྱོང་དང་གོང་འཕེལ་ཕྱོགས་སྟོན》དང《རྔ་བ་ཁུལ་གྱི་རང་སྐྱོང་སྲོལ་ཡིག》《རྔ་བ་ཁུལ་གྱི་སློབ་གསོའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིར་བཟུང་སྟེ། རང་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་ཚུལ་དངོས་དང་འབྲེལ་ནས།  བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་རྩོམ་བསྒྱུར་ལས་ཀ་སྤེལ་བར་སྣེ་ཁྲིད་དེ།  བོད་རིགས་སློབ་མའི་སྤྱོད་ལམ་དང་།  ཤེས་རིག  ལུས་རྩལ།  མཛེས་རིག་བཅས་ཕྱོགས་ཡོངས་ནས་གོང་དུ་སྤེལ་བའི་བྱ་སྤྱོད་ལ་དམིགས་ནས་སློབ་གསོ་བྱེད་པ་དང་།  “རྩོམ་སྒྲིག་དང་ཡིག་བསྒྱུར།  ཞིབ་དཔྱད།  པར་བསྐྲུན”བཅས་ཀྱི་ལས་ཀའི་བརྒྱུད་རིམ་ལྟར།  བོད་རིགས་རིག་གནས་སློབ་སྦྱོང་དང་སྤྱི་ཚོགས་འཚོ་བ་གཙོས་པའི་ཀློག་དེབ་དུ་མ་རྩོམ་སྒྲིག་དང་། རྒྱལ་ཁབ་ཕྱི་ནང་དུ་དངོས་སུ་པར་སྐྲུན་བྱས་པའི་བྱིས་པའི་ཀློག་དེབ་དུ་མ་རྩོམ་བསྒྱུར་དང་།  གཟུགས་བརྙན་དུ་མ་རྩོམ་བསྒྱུར་བཟོ་བསྐྲུན་བྱས་ནས།  ཁུལ་ཡོངས་ཀྱི་མི་རིགས་སློབ་གསོའི་བྱ་གཞག་བརྒྱུད་མཐུད་དང་།  མཐུན་སྦྱོར།  བདེ་བླག་ངང་གོང་དུ་འཕེལ་བ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་འདིང་ངེས་རེད།
  ཁུལ་བོད་ཡིག་རྩོམ་བསྒྱུར་ཅུས་དང་།  ཁུལ་སློབ་གསོ་ཅུས།  འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ།  དེ་མིན་ལས་ཀ་ཚོ་ཆུང་སོ་སོའི་ཁོངས་མིའི་གནས་ཚུལ་ཡར་ཞུར་གསན་རྗེས།  ལིའུ་ཙུའོ་མིང་གིས་བསྟན་དོན།  མི་རིགས་སློབ་གསོ་ལས་ཀ་སྐུལ་འདེད་གཏོང་བའི་ལས་འགན་ལྗིད་ཅིང་འགན་འཁྲི་གཟི་བརྗིད་ལྡན་པ།  སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་ལས་ཀར་མཐོང་ཆེན་བྱས་ཤིང་།  རང་ཁུལ་གྱི་མི་རིགས་སློབ་གསོའི་བྱ་གཞག་དང་ལྷག་པར་དུ་སྐད་གཉིས་སློབ་གསོའི་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་སྐབས།  མཁྲེགས་གཏོར་གནད་སེལ་དང་དངོས་སྒྲུབ་དངོས་གཉེར་བྱས་ནས།  གྲུབ་འབྲས་མངོན་གསལ་ཐོབ།  རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཚོད་འཛིན་བྱས་པའི་རྐྱེན་གྱིས།  རང་ཁུལ་གྱི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་ཧ་ཅང་དཀོན་པ་དང་།  འབྲོག་ཁུལ་གྱི་ལོ་ཆུང་བྱིས་པའི་སློབ་གསེང་གི་སློབ་གསོའི་ཐོན་ཁུངས་མི་འདིང་སྟེ།  ཚད་ངེས་ཅན་ཞིག་གི་ཐོག་ནས་རང་ཁུལ་གྱི་མི་རིགས་སློབ་གསོའི་བྱ་གཞག་བདེ་བླག་ངང་གོང་དུ་འཕེལ་བར་ཚོད་འཛིན་བྱས་འདུག  དེའི་ཕྱིར།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་རྩོམ་བསྒྱུར་ལས་ཀ་སྤེལ་ཐག་བཅད།  དེ་ནི་རང་ཁུལ་གྱི་སློབ་གསོ་ལས་ཀ་འཛམ་གླིང་དུ་ཁ་གཏད་པ་དང་།  མ་འོངས་པར་ཁ་གཏད་པ།  དེང་རབས་ཅན་འཛུགས་སྐྲུན་ལ་ཁ་གཏད་དེ།  བོད་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སྐད་གཉིས་སློབ་གསོ་དང་སློབ་ཁྲིད་ཤུགས་སྣོན་དང་སྐུལ་འདེད་གཏོང་བ་དང་།  བོད་རྒྱ་སྐད་གཉིས་ཀུན་ཤེས་ཀྱི་མཁས་ཅན་གསོ་སྐྱོང་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་།  རང་ཁུལ་གྱི་བོད་ཁུལ་མང་ཚོགས་དེང་རབས་ཅན་གྱི་སྤྱི་ཚོགས་དང་འཚོ་བར་ཞུགས་པ།  མི་རིགས་སོ་སོ་མཉམ་དུ་གོང་འཕེལ་དང་།  མཉམ་དུ་དར་རྒྱས།  མཉམ་དུ་མདུན་དུ་སྐྱོད་པ་མངོན་འགྱུར་བྱེད་པར་བརྒྱུད་དགོས་པའི་ལམ་ཞིག་ཡིན།
  ལིའུ་ཙུའོ་མིང་གིས་ནན་གྱིས་བསྟན་དོན།  ཟླ་གཉིས་ལྷག་གི་རིང་དུ།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག  ཁུལ་སློབ་གསོ་ཅུས་དང་ཁུལ་རྩོམ་བསྒྱུར་ཅུས་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ།  ལས་ཀའི་སྒྲིག་གཞི་འཕྲལ་དུ་བཙུགས་པ་དང་།  དུས་ཐོག་ཏུ་དམིགས་འབེན་ལས་འགན་ཞིབ་ཕྲ་བཀོད་དེ།  ནང་རྐྱེན་ཧུར་ཐག་གིས་འཐུས་ཚང་དང་འགན་ལེན་བྱས་ནས།  རྩོམ་བསྒྱུར་ལས་ཀ་བདེ་བླག་ངང་སྤེལ་བར་ནུས་ཡོད་ཀྱིས་སྐུལ་འདེད་བྱས།  ཕྱིན་ཆད་རིམ་པ་སོ་སོ་འབྲེལ་ཡོད་སྡེ་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་དགོས་འདུན་ལྟར།  སློབ་གྲྭ་འབྲིང་ཆུང་སོ་སོའི་དཔེ་མཛོད་ཁང་གི་སྐད་གཉིས་ཀློག་དེབ་ཡང་བསྐྱར་ཁ་གསབ་དང་ཡང་བསྐྱར་འཐུས་ཚང་གཏོང་དགོས་པ་དང་།  བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ལེགས་སློབ་ཚན་གྱི་ཐོན་ཁོངས་གཅིག་བསྡུས་དང་དག་ཐེར་ལས་ཀ་སྤེལ་ཤུགས་བསྣན་ནས།  དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་དང་སློབ་མའི་སློབ་གསེང་གི་གསབ་ཁྲིད་ལ་ཤེས་རིག་གི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།
  ལིའུ་ཙུའོ་མིང་གིས་ནན་གྱིས་བསྟན་དོན།  མིག་སྔར།  ཁུལ་ཡོངས་ཀྱི་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་སྒྲིག་བསྒྱུར་ལས་ཀ་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  ལས་ཀ་ཚོ་ཆུང་སོ་སོས་ངེས་པར་དུ་ལས་ཀའི་སྤེལ་ཚད་དང་སྤུས་ཚད་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཡུལ་དེའི་མི་རིགས་རིག་གནས་ཁོར་ཡུག་ལ་བརྟེན་ཏེ།  བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཤེས་རྟོགས་ཆོས་ཉིད་དང་སེམས་ཁམས་ཆོས་ཉིད་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས།  ཆོས་ཉིད་དང་བསྟུན་པའི་སྐད་གཉིས་ཀློག་དེབ་མ་ལག་ཆ་ཅིག་ཚན་རིག་དང་བརྒྱུད་རིམ་ལྡན་པའི་སྒོས་ཞིབ་འཇུག་བྱ་དགོས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་སློབ་ཁྲིད་བྱེད་ཐབས་བསྡུ་ལེན་བྱེད་པ་དང་ཆབས་ཅིག  ཕུལ་བྱུང་གི་དམངས་སྲོལ་རིག་གནས་ཀྱི་བསྡུར་ཚད་ཏན་ཏིག་གིས་ཤུགས་སྣོན་དང་།  སློབ་མའི་དཔེ་ཀློག་བརྩོན་སེམས་ཧུར་ཐག་གིས་མཐོར་འདེགས་གཏོང་དགོས།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།