མགོ་ལོག་ཁུལ་གྱི་མི་རིགས་སློབ་གསོའི་ལས་དོན་ལ་གོང་འཕེལ་ཆེན་པོ་འབྱུང་རྒྱུ་རེད།

རྩོམ་པ་པོ།:ཚེ་མགོན་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2014-11-02 11:22:00 ཀློག་གྲངས།:

  ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་བཟོ་སྐྲུན་ཆེན་པོ་བཞི་ལག་བསྟར་བྱས་ནས། མི་རིགས་སློབ་གསོའི་ལས་དོན་གོང་འཕེལ་ཆེན་པོ་གཏོང་རྒྱུ་རེད།
  ཤེས་གསལ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མགོ་ལོག་ཁུལ་གྱིས་ཁྱོན་ཡོངས་ནས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་། སློབ་གསོའི་རྒྱུ་སྤུས་ཇེ་མཐོར་གཏོང་བ། སློབ་སྒྲུབ་ཆ་རྐྱེན་ཚད་གཞི་དང་མཐུན་པར་བྱེད་པ་སོགས་ཀྱི་ལས་གཞི་ཆེན་པོ་བཞི་ལག་བསྟར་བྱེད་རྒྱུ་རེད། སྔར་ཡོད་ཀྱི་སློབ་གསོའི་རྨང་གཞིའི་སྟེང་འགྲོ་སོང་མང་བོ་བཏང་ནས། ནོར་སྲིད་ཀྱིས་སློབ་གསོའི་ཕྱོགས་ལ་གཏོང་བའི་མ་དངུལ་དེ་དཔལ་འབྱོར་ཐད་གཏོང་བའི་མ་དངུལ་ལས་མཐོ་བ་དང་། སློབ་གྲྭ་རུ་ཡོད་པའི་སློབ་གསོའི་མ་དངུལ་བསྟུད་མར་ཆ་སྙོམས་སྒོས་ཡར་འཕར་བ། དགེ་རྒན་གྱི་ཟླ་ཕོགས་དང་སློབ་མའི་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་རྒྱུད་ཆད་མེད་པར་ཇེ་མཐོར་གཏོང་བ། སློབ་སྒྲུབ་ཆ་རྐྱེན་སྔར་ལས་ལེགས་བཅོས་བྱེད་པ་བཅས་ཕྱོགས་བཞི་ལ་ཁག་ཐེག་བྱེད་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།