《ཁ་བའི་མཆོད་དབྱངས》ཞེས་པའི་ཟླ་མཇུག་དགོང་ཚོགས་སྐབས་གཉིས་པ་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-27 10:37:00 ཀློག་གྲངས།:


《ཁ་བའི་མཆོད་དབྱངས》ཞེས་པའི་ཟླ་མཇུག་དགོང་ཚོགས་སྐབས་གཉིས་པ་བསྡུས།

     ཟླ10བའི་ཚེས26ཉིན་གྱི་དགོང་མོར། ཁ་བའི་མེ་ཏོག་གིས་མཛེས་སྡུག་གི་དངོས་གྲུབ་གནང་ཞིང་། རིག་པའི་འབད་རྩོལ་གྱིས་ཤེས་ཡོན་གྱི་རོལ་དབྱངས་དཀྲོལ་བའི་ལེགས་ཚོགས་བཀྲ་ཤིས་ཀྱི་དུས་འདིར། ང་ཚོས་མཛེས་སྡུག་སྟོང་གིས་ཕྱུག་པའི་མ་ཡུམ་གངས་ལྗོངས་ལ་བསྟོད་པའི་གླུ་གར་མཆོད། ང་ཚོས་ཤེས་བྱའི་འོ་མཚོས་བརྒྱན་པའི་རིགས་མཐུན་བུ་སློབ་ཚོགས་ལ་དགའ་བའི་ལྟད་མོ་བཤམས། ཏག་ཏག་བར་གསེང་འདིར། ང་ཚོར་ལྷོད་གཡེང་གི་བར་རྒྱན་ཞིག་ཅི་འདྲའི་མཁོ་ཨང་། དེར་བརྟེན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ཆད་སྣང་གི་ངལ་དུབ་སངས་ཆེད་དུ་ལྷང་ལྷང་གི་གླུ་སྐད་ལ་ཉམས་བརྒྱད་ཀྱི་སྟངས་སྟབས་སྦྱར་ནས《ཁ་བའི་མཆོད་དབྱངས》ཞེས་པའི་ཟླ་མཇུག་དགོང་ཚོགས་སྐབས་གཉིས་པ་བདེ་ལེགས་ངང་བསྡུས།

བྲོ་གར་འཁྲབ་སྟོན།
བྲོ་གར་འཁྲབ་སྟོན།

     སློབ་མ་རྣམ་པའི་དགའ་སྣང་དང་མོས་ཕྱོགས་སྐྱེད་སྲིང་གི་ཕྱིར་དུ་དགོང་ཚོགས་འདིར་ང་ཚོས་ཆེད་དུ་རྨ་ཡུལ་ཁྲི་ཀའི་རིག་གནས་ཁང་གི་གསར་སྐྱེས་གླུ་བ་ཤེས་རབ་རྒྱལ་དང་གླུ་མ་མཁའ་མཚོ་སྐྱིད། གཞན་ད་དུང་རང་ས་ནས་འཚར་ལོངས་བྱུང་བའི་དམངས་ཁྲོད་གླུ་བ་མོག་སངས་དང་རྡོ་རྗེ་རྒྱལ་བཅས་གླུ་བ་གླུ་མ་བཞི་གདན་འདྲེན་བྱས་ནས། 《ཁ་བའི་མཆོད་དབྱངས》ཞེས་པའི་ཟླ་མཇུག་དགོང་ཚོགས་སྐབས་གཉིས་པ་སློབ་གྲྭའི་རྩལ་སྦྱང་ར་བ་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་མིག་དབང་འཕྲོག་པ་དང་ཡིད་སེམས་གསོ་བའི་དགའ་བདེ་རུ་བསྐྱལ།


རྡུང་ལེན་དཀྲོལ་བ།

     སློབ་གྲྭའི་འཚོ་བའི་སྡེ་ཁག་གི་གཅིག་མཐུན་གྱི་མཐུན་སྒྲིལ་འོག གཞན་མཚུངས་མ་ཡིན་པའི་བོད་རིག་གནས་ཀྱི་སྣང་ཚུལ་མངོན་པར་དོད་པའི་གར་སྟེགས་ཇུས་འགོད་དང་གློག་འོད་སྒྲིག་བཟོ་བྱས་ནས་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དགོང་ཚོགས་ཡག་པོ་ཞིག་བསྡུ་ཐུབ་པ་བྱུང་།

     རེབ་འདིའི་དགོང་ཚོགས་ཀྱི་རྩེད་མོའི་རྣམ་གྲངས་ལ་བོད་རིགས་ཞབས་བྲོ་དང་སོག་རིགས་ཞབས་བྲོ། རྒྱ་གར་ཞབས་བྲོ། དེང་རབས་ཞབས་བྲོ། ཁ་ཤགས། གླུ་དབྱངས། བཞད་གར། སྙན་ངག་གྱེར་འདོན། ཁ་བཏགས་ཀྱི་བཤད་པ་བཅས་རྣམ་པ8ཙམ་དུ་འདུས་ཤིང་འཛིན་གྲྭ་སོ་སོའི་གང་ལེགས་ཀྱི་སྟ་གོན་ལས་གཅིག་ལས་གཅིག་ལྷག་གི་གླུ་གར་གཞས་གསུམ་གྱིས་ལྟད་མོ་བ་སྟོང་ཕྲག་གསུམ་ལྷག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས། ལྷག་པར་གདན་ཞུའི་གླུ་བ་གླུ་མ་རྣམས་ཀྱིས་སྐད་ངག་གི་འགྱུར་ཁུགས་དང་ཕྱིའི་ལུས་ཀྱི་མཛེས་སྡུག་གི་ཉམས་འགྱུར་ཕྲ་མོས་ཚོགས་ར་ཟིང་ཆ་ཅན་དང་རྣམ་པ་འཁྲུག་ཆ་ཅན་དུ་བསྒྱུར། ཐེངས་འདིའི་དགོང་ཚོགས་ཀྱིས་ཀྱང་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་འབྱུང་འགྱུར་སློབ་རའི་རིག་གནས་ལ་གསོན་ཤུགས་དང་རེ་ཕུགས་གསར་བ་མངོན་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད་དོ།།


གླུ་གཞས་ཕུལ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།