ནུབ་བྱང་མི་རིགས་སློབ་ཆེན2014ལོའི་སློབ་མ་གསར་བ་བསུ་བའི་ལུས་རྩལ་འགྲན་ཚོགས་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2014-10-22 10:59:00 ཀློག་གྲངས།:

     སྤྱི་ཟླ10བའི་ཚེས18ནས་ཚེས19བར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི2014ལོའི་སློབ་མ་གསར་བ་བསུ་བའི་ལུས་རྩལ་འགྲན་ཚོགས་རྩལ་སྦྱོང་ར་བ་ནས་དངོས་སུ་མགོ་བརྩམས་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ལུས་རྩལ་བ50ལྷག་རྩ་འཛུགས་བྱས་ནས་ཐེངས་འདིའི་འགྲན་བསྡུར་དུ་ཞུགས།
     འགྲན་བསྡུར་ཁྲོད་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ལུས་རྩལ་བ་ཚོས་མཛའ་བརྩེ་གཙིགས་སུ་བཟུང་སྟེ་ཕན་ཚུན་འགྲན་བསྡུར་བྱས་པ་དང་། སློབ་གྲོགས་ཕོ་རྣམས་ཀྱིས་སྨི4×400ཡི་རྒྱུག་མཐུད་འགྲན་བསྡུར་ཁྲོད་ཆེས་མཐོ་བའི་སྐར་གྲངས་བླངས་ཏེ། སློབ་གྲྭའི་ལུས་རྩལ་འགྲན་བསྡུར་གྱི་སྨི4×400ཡི་ཚན་སྐོར་ལ་ཟིན་ཐོ་གསར་བ་བཀོད། ད་དུང་སྨི800ཅན་དང400ཅན་གྱི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ནས་ཨང་གཉིས་པ་བླངས། གཞན་ཡང་མཐོ་མཆོང་དང་རྒྱང་མཆོང་འགྲན་བསྡུར་སོགས་ཀྱི་ཁྲོད་ནས་ཀྱང་གཡུར་ཏུ་ཟ་བའི་འབྲས་བུ་བླངས་པས། མཇུག་མཐར་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སྡོམ་སྐར95བླངས་ཏེ་ཐེངས་འདིའི་ལུས་རྩལ་འགྲན་བསྡུར་གྱི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།
     གྲུབ་འབྲས་འདིས་བོད་སྐད་ཡིག་སློབ་གླིང་འདི་ཕྱོགས་གང་ཐད་ནས་དུས་ཀྱི་འགྲོས་དང་བསྟུན་ནས་གོང་འཕེལ་འགྲོ་བཞིན་པ་མཚོན་ལ། སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་མ་འོངས་པའི་ལམ་བུའི་ཁྲོད་འདི་དང་འདི་ལྟའི་གྲུབ་འབྲས་ལེན་པར་བརྩོན་པ་དང་རེ་བས་ཁེངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།