ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་སློབ་གྲྭར་སྤེལ་བའི་ཟློས་གར་འགྲན་བསྡུར་བསྡུས།

རྩོམ་པ་པོ།:སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-21 09:12:00 ཀློག་གྲངས།:

 ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་སློབ་གྲྭར་སྤེལ་བའི་ཟློས་གར་འགྲན་བསྡུར་བསྡུས།
ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་སློབ་གྲྭར་སྤེལ་བའི་ཟློས་གར་འགྲན་བསྡུར་བསྡུས།

     སྤྱི་ཟླ10བའི་ཚེས19ཉིན་གྱི་ཕྱི་དྲོར། བོད་ཁམས་སྟོད་ཡུལ་ཤུལ་ཁུལ་སྒ་སྐྱེ་དགུ་མདོའི་གེ་སར་ཐང་ཆེན་དུ། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཁང་དང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཉིས་མཉམ་འབྲེལ་གྱིས་མི་རིགས་ས་གནས་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་མངའ་བའི་རིན་བྲལ་མེས་པོའི་ཤུལ་བཞག་སྲོལ་རྒྱུན་རིག་གནས་ཀྱི་ནང་གསེས། དམངས་གླུ་དང་ཞབས་བྲོའི་སྒྱུ་རྩལ་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུའམ་མ་འོངས་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གཞོན་སྐྱེས་མི་རབས་གསར་པའི་ལག་ཏུ་འདོན་སྤྲོད་ཐུབ་པ་ཞིག་ཡོང་ཕྱིར། ལྷ་ཡུལ་གྱི་འཆར་སྣང་ལྟ་བུའི་ཡིད་དུ་འོང་བའི་ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་སློབ་གྲྭར་སྤེལ་བའི་ཟློས་གར་འགྲན་བསྡུར་ཞེས་པའི་རིག་རྩལ་བྱེད་སྒོ་ཞིག་སྤེལ་ཞིང་། བྱེད་སྒོ་དེའི་ཐོག་ཏུ་འབྲེལ་ཡོད་ཚན་པ་ཁག་གི་གཙོ་འཛིན་རྣམ་པ་དང་སློབ་གྲྭ་ཁག་གི་དགེ་སློབ་རྣམ་པ། གཟིགས་མོར་ཕེབས་པའི་རྒྱ་ཆེའི་མང་ཚོགས་རྣམས་པ་བཅས་མཉམ་ཞུགས་གནང་།


བྲོ་འཁྲབ་པ།


ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་
རྣམས་ཀྱིས་ཆུ་ཤིང་བསྟན་བཅོས་ངག་སྐྱོར་གནང་བཞིན་པ།

     རིག་རྩལ་བྱེད་སྒོ་དེར་འགྲན་ཞུགས་མཁན་ནི། ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཡུལ་ཤུལ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ། ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་བཞི་པ་སོགས་ས་གནས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་མི་རིགས་ཀྱི་ངོ་མཚར་བའི་གླུ་གར་ཞབས་བྲོ་སོགས་ཁ་བའི་ལྗོངས་ཀྱི་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་པ་དང་སྐབས་ལ་ལར་ནམ་མཁའི་ནོར་བུའི་འོད་སྣང་ལྷམ་མེར་གསལ་བའི་འོག་ཏུ་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྒོ་ནས་འཁྲབ་སྟེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རིག་རྩལ་བྱེད་སྒོ་དེ་ལེགས་པར་སྤེལ་བ་རེད།


ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་བཞི་པའི་སློབ་ཕྲུག་རྣམས་ཀྱིས་
བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པའི་རྣམ་པ།


སློབ་མ་འཕྲིན་ལས་དབང་གྲགས་ཀྱིས་དམངས་གླུ་ལེན་བཞིན་པའི་རྣམ་པ།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།