བོད་ལུགས་གསོ་རིག་གི་བསྟན་བཅོས800ལྷག་གྲངས་འཛིན་ཅན་དུ་བསྒྱུར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-17 10:41:00 ཀློག་གྲངས།:
  ཟླ10པའི་ཚེས11ཉིན། བོད་ལྗོངས་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་ནས་འདོན་སྤེལ་བྱས་པའི་བོད་ལུགས་གསོ་རིག་གི་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྲུན་ལས་གཞི་དེ་ཆེད་མཁས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པར་བརྒྱུད། དུས་རབས8པ་ནས་བཟུང་བྱུང་བའི་དཔེ་རྒྱུན་དཀོན་ཤོས་དང་རྩ་ཆེན་རིགས་ཁོངས་སུ་འདུས་པའི་བོད་ལུགས་གསོ་རིག་གི་བསྟན་བཅོས800ལྷག་གྲངས་འཛིན་ཅན་དུ་བསྒྱུར་ནས་དྲ་ཐོག་འཚོལ་བཤེར་བྱེད་ཐུབ་པ་རེད། དེའི་མཚུངས་སུ་བོད་ལུགས་གསོ་རིག་གི་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གཞི་མིག་སྔར་འགོ་བརྩམས་པ་རེད།
  ཆེད་མཁས་ཚན་ཆུང་གིས་ལས་གཞིར་ཞིབ་བཤེར་རྩིས་ལེན་བྱས་པར་བརྒྱུད་ནས། བོད་ལུགས་གསོ་རིག་བསྟན་བཅོས་གྲངས་འཛིན་ཅན་དུ་བསྒྱུར་བའི་དཔྱད་འཚོལ་མ་ལག་དེ་ཕྱི་ཕྱོགས་སུ་དགྲམ་རྒྱུ་ཡིན་ཞིང་། བོད་ལུགས་གསོ་རིག་གི་ལས་སྒྲུབ་མི་སྣ་དང་ཞིབ་འཇུག་པར་ཡོངས་སྤྱོད་ཀྱི་གྲངས་འཛིན་ཅན་གྱི་བྱ་བའི་སྟེགས་བུ་ཞིག་འདོན་སྤྲོད་བྱ་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།