2014ལོའི་བོད་སྐད་ཡིག་ལོ་ཙཱའི་ཆེད་མཁས་པའི་བྱ་བའི་གྲོས་ཚོགས་བདེ་ཆེན་ཁུལ་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-14 10:30:00 ཀློག་གྲངས།:
     སྤྱི་ཟླ10བའི་ཚེས10ཉིན། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་གཙོ་སྒྲུབ་དང་། ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རོགས་སྒྲུབ་གནང་བའི2014ལོའི་བོད་སྐད་ཡིག་ལོ་ཙཱའི་ཆེད་མཁས་པའི་བྱ་བའི་གྲོས་ཚོགས་དེ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས་ཤིང་། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའི་འགོ་གཙོ་སོགས་འབྲེལ་ཡོད་འགོ་ཁྲིད་དང་། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ས་ཁུལ་གྱི་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་། གསར་འགྱུར་དཔེ་སྐྲུན། རྒྱང་སྒྲོག་བརྙན་འཕྲིན། སློབ་གསོའི་སྡེ་ཁག་སོགས་ནས་སླེབས་པའི་བོད་སྐད་ཡིག་ལོ་ཙཱའི་ཆེད་མཁས་པ30ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ད་ལོའི་བོད་སྐད་ཡིག་ལོ་ཙཱའི་བྱ་བའི་ཁྲོད་བསྡུ་ལེན་དང་ལེགས་སྒྲིག་བྱས་པའི་བརྡ་ཆད་གསར་བ400ལྷག་ལ་བཤེར་འབེབས་གནང་བ་དང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་བརྡ་ཆད་གསར་བའི་ཚད་ལྡན་ཅན་དང་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་བསམ་འཆར་དང་འདོད་བློ་ལ་གསན་པ་དང་ཆབས་ཅིག  ལོ་ཙཱའི་ཆེད་མཁས་པའི་ཚོགས་འདུ་འདིར་བསྟུན་ཏེ་ས་གནས་ལོ་ཙཱའི་སྡེ་ཁག་གི་ལས་རིགས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།