དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོར་ཚོགས།
ཉེ་སྔོན། བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་རྩལ་རྒྱུན་མཐུན་ངང་འཕེལ་རྒྱས་དང་རྒྱ་བསྐྱེད་བྱེད་ཆེད་དཀར་མཛེས་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་ཁུར་ཏེ་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོར་ཚོགས་པ་རེད། དཀར་མཛེས་ཁུལ་རིག་གནས་ཁང་གིས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་ཕྱིར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་ཕུལ་བར་བརྟེན2013ལོའི་ཟླ་བ9པའི་ཚེས6ཉིན་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དངོས་སུ་བཙུགས།
ཐེངས་འདིའི་ཚོགས་འདུར་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་ཁུལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་དང་ནང་བསྟན་སློབ་གླིང་། དེ་བཞིན་རྫོང་སོ་སོའི་དམངས་ཁྲོད་ཀྱི་བྲིས་པ་སོགས་མི20ལྷག་ཞུགས་ཤིང་། ཉིན་གཉིས་རིང་ལ་བྲིས་མཁན་སོ་སོས་བྲིས་ཀྱི་བཤད་པ་དང་ཤོག་བུའི་བཀོལ་ལུགས། སྨྱུ་གུའི་སྤྱོད་སྟངས། མཐའ་ཤན་རྒྱག་ལུགས། རང་རང་གི་བྲིས་ཀྱི་ཉམས་མྱོང་དང་འབྲེལ་བའི་མྱོང་ཚོར་ལྷུག་བརྗོད་དང་ཕན་ཚུན་བགྲོ་གླེང་སོགས་བྱས་པ་རེད། དེ་བཞིན་སྨྱན་བྱད་ནུས་མང་བཀོལ་ཏེ་བོད་ཀྱི་བྲིས་རྙིང་དང་མཛེས་བྲིས་སོགས་བྲིས་གཟུགས་སྣ་མང་གི་བརྙན་པར་བཏང་ནས་བོད་ཀྱི་ཡིག་གཟུགས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཞིང་འབྲི་རྩལ་འབུམ་གྱིས་ཕྱུག་པ་བསྟན།
ཚོགས་འདུར་ཞུགས་པའི་བྲིས་པ་དག་གིས་དཀར་མཛེས་ཁུལ་རིག་གནས་ཁང་གིས་ཉེ་བའི་ལོ་ཤས་རིང་འཚོལ་སྡུད་དང་གསར་སྒྲིག་བྱས་པའི་གནའ་བོའི་བོད་ཀྱི་ཡིག་རྙིང་གི་བརྩམས་ཆོས་བཤམས་སྟོན་བྱས་པར་ལྟ་སྐོར་བྱས་པ་དང་། བཤམས་སྟོན་ཁང་དུ་བྲིས་པ་སོ་སོས་ད་དུང་རང་རང་གི་ཁྱད་ཆོས་ལྡན་པའི་སོར་རྩེའི་འབྲི་རྩལ་ཡང་ངོམ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com