དགེ་རྒན་དཔལ་འབར་རྡོ་རྗེ་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ།
ཉེ་སྔོན། རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་བསྟོད་ཚོགས་ཆེན་སྐབས་ལྔ་བ་དེ་པེ་ཅིང་དུ་བསྡུས་ཤིང་། ཚོགས་ཆེན་སྟེང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚན་རིག་ལག་རྩལ་པུའུ་བཅས་མཉམ་འབྲེལ་སྒོས་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ནས་ཐོན་པའི་ཚན་རྩལ་དང་ཐོན་སྐྱེད་རྐང་འཛིན་པ39ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་དང་། ཐུན་མོང96ལ་རྒྱལ་ཡོངས་ཆེད་ལས་ལག་རྩལ་མི་སྣའི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་གནང་ཞིང་། རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཆོས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ་པ་རེད།
དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་ནི་དུས་ཡུན་རིང་བོར་སློབ་གསོའི་ལས་གནས་སུ་བྱ་བ་སྒྲུབ་ཅིང་། བོད་བརྒྱུད་ནང་བསྟན་ཞིབ་འཇུག་གི་ཆེད་མཁས་པ་ཡིན། དུས་མཚུངས་སུ་ཁོ་ནི་མི་རིགས་ཀྱི་ཤེས་ཡོན་པ་སྐྱེད་སྲིང་བྱེད་པའི་སློབ་སྒྲུབ་ཀྱི་དགེ་རྒན་ཆེན་མོ་ཞིག་ཡིན་ལ། ཁོས་གཙོ་ཁྲིད་བྱེད་པའི་བསླབ་གཞི《བོད་བརྒྱུད་ནང་བསྟན་ལྟ་དགོངས་ལོ་རྒྱུས》ཞེས་པར2009ལོར་པེ་ཅིང་གྲོང་ཁྱེར་ཕུལ་བྱུང་བསླབ་གཞིར་ཚུད་ཅིང་། ཁོ་རང་ཉིད་ལ་སྐབས་བཞི་བའི་པེ་ཅིང་གྲོང་ཁྱེར་མཐོ་རིམ་སློབ་གྲྭའི་སློབ་སྒྲུབ་དགེ་རྒན་ཆེན་མོའི་བྱ་དགའ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com