ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གསེར་མདོག་གི་གོམ་སྒྲ་ཞེས་པའི་ཟླ་མཇུག་རིག་རྩལ་དགོང་ཚོགས་བསྡུས།
བྲོ་གར་འཁྲབ་སྟོན།
གསེར་མདོག་འབྲས་བཟང་གི་རྒྱལ་མཚན་མཁའ་ན་སྒྲེང་ཞིང་། རིག་པའི་གསེར་གཤོག་གི་འཁྱུག་རྩལ་ཕྲ་མེར་མངོན་པའི་ལེགས་ཚོགས་བཀྲ་ཤིས་ཀྱི་དུས་བཟང་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གསེར་མདོག་གི་གོམ་སྒྲ་ཞེས་པའི་ཟླ་མཇུག་རིག་རྩལ་དགོང་ཚོགས་ཤིག་བསྡུས།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གསེར་མདོག་གི་གོམ་སྒྲ་ཞེས་པའི་ཟླ་མཇུག་རིག་རྩལ་དགོང་ཚོགས་བསྡུས།
ཟླ་འདིའི་ཚེས24དགོང་མོར། ཁྲི་ཀ་་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་རིག་གནས་མཁའ་དབུགས་གསར་འདྲེན་དང་སློབ་གསེང་འཚོ་བ་ཕུན་ཚོགས་སུ་གཏོང་ཆེད། དེང་རབས་གསར་སྐྱེས་གླུ་མ་བོད་གཞུག་སྐྱིད་དང་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་སྐབས་ལྔ་བའི་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་པའི་མཚོ་ནུབ་ཀྱི་རྡུང་ལེན་པ་ཆོས་སྐྱིད། འབུད་རྡུང་དཀྲོལ་གསུམ་ལ་བྱང་ཆ་ལྡན་པའི་རོལ་ཆས་པ་རྒན་དཔལ་མཁར་རྒྱལ་དང་རྒན་པད་མ་བསམ་འགྲུབ་བཅས་སྐུ་མགྲོན་བཞི་ཆེད་དུ་གདན་ཞུ་བྱས་ནས། གསེར་མདོག་གི་གོམ་སྒྲ་ཞེས་པའི་ཟླ་མཇུག་དགོང་ཚོགས་ཤིག་སློབ་རའི་རྩལ་སྦྱང་ར་བ་ནས་གཟབ་རྒྱས་ངང་བསྡུས།
གླུ་ལེན་པ།
སློབ་མའི་ཚོགས།
སློབ་གྲྭའི་འཚོ་བའི་སྡེ་ཁག་གིས་གར་སྟེགས་ཇུས་འགོད་དང་གློག་འོད་སྒྲིག་བཟོ་བྱས་ཏེ་སློབ་གྲྭ་བཙུགས་ཚུན་ནས་ད་བར་དུ་འདི་འདྲའི་གཞི་རྒྱ་ཆེ་ཞིང་གྲ་སྒྲིག་འཛོམས་པའི་དགོང་ཚོགས་ཤིག་སྤེལ་མ་མྱོང་བས། ཀུན་གྱི་བློ་ཡིད་ཚིམ་ཞིང་མིག་དབང་ཅིག་ཅར་དུ་འཕྲོག་ཡོད། དགོང་ཚོགས་འདིའི་རྩེད་མོའི་རྣམ་གྲངས་ཀྱང་གྱ་ནོམ་པོ་སྟེ། བོད་རིགས་ཞབས་བྲོ་དང་སོག་རིགས་ཞབས་བྲོ། རྒྱ་གར་ཞབས་བྲོ། དེང་རབས་ཞབས་བྲོ། ཁ་ཤགས། གླུ་དབྱངས། བཞད་གར། སྙན་ངག་གྱེར་འདོན། སྟོན་བཤད་བཅས་རྣམ་པ་བརྒྱད་ཙམ་འདུས་ཤིང་འཛིན་གྲྭ་སོ་སོའི་གང་ལེགས་ཀྱི་སྟ་གོན་ལས་གཅིག་ལས་གཅིག་ལྷག་གི་གླུ་གར་གཞས་གསུམ་གྱིས་ལྟད་མོ་བ་སྟོང་ཕྲག་གསུམ་ལྷག་གི་ཡིད་ཀྱི་དང་བ་དབང་མེད་དུ་བཀུག་པར་མ་ཟད། ཉིན་ཉི་ཤུ་ལྷག་གི་སློབ་སྦྱོང་གི་ངལ་དུབ་ཀྱང་ཐོལ་གྱིས་འཕོ་བའི་སྣང་བ་སྟེར། ལྷག་པར་རྩེད་མོའི་སྒྲ་དབྱངས་ཀྱིས་མི་སེམས་འཁྱོམ་ཞིང་གར་གྱི་སྟངས་སྟབས་ཀྱིས་ཞེ་རྩ་སྒུལ་འདྲའི་འཁྲུག་ཆ་ཅན་གྱི་དགོང་ཚོགས་འདིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མ་འོངས་པའི་སློབ་རའི་རིག་གནས་གསོན་ཤུགས་ཅན་དང་ཕུགས་འདུན་གསར་བར་སྒུལ་ཤུགས་སམ་སྐུལ་ལྕག་ཚ་བེར་བ་ཞིག་སྦྱིན་ཡོད་པ་སྨོས་མ་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com