སློབ་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་དང་དགེ་རྒན་དུས་ཆེན་སྐབས་སུམ་ཅུ་བ་སྤེལ།
གར་གྱི་སྟངས་སྟབས་ཁྲོད་ནས་དུས་ཆེན་བསུ་བ།
སྟོན་གསུམ་གསེར་མདོག་གི་ལོ་ལེགས་མཛོད་ལ་བསྡུས་པའི་འབྲས་ལེགས་དུས་བཟང་གི་སྐབས་འདིར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་ལོ་གཅིག་གི་བྱ་བའི་གཟེངས་བསྟོད་ཚོགས་འདུ་དང་དགེ་རྒན་དུས་ཆེན་སྐབས་སུམ་ཅུ་བ་གཉིས་དུས་གཅིག་ཏུ་སྤེལ།
ཟླ8པའི་ཚེས12ཉིན་ལོ་རེའི་དགེ་རྒན་དུས་ཆེན་དང་སློབ་ལོ་གཅིག་གི་གཟེངས་བསྟོད་བྱ་བའི་ཚོགས་འདུ་དེ་དགེ་སློབ་སུམ་སྟོང་ལྷག་གི་དགའ་མགུའི་སྤྲོ་སེམས་དང་སྐྱིད་སྣང་གི་གླུ་གར་གཞས་གསུམ་ཁྲོད་ནས་སློབ་གྲྭའི་ལུས་རྩལ་ཐང་དུ་བདེ་ལེགས་ངང་སྤེལ། ཐོག་མར་སྟངས་སྟབས་ལ་རང་དབང་རྒོད་ཅིང་ཞལ་ངོ་ལ་འཛུམ་དྲུག་རྒྱས་ནས་དཔང་བསྟོད་ཆེན་མོ་ཞེས་པའི་བོད་རིགས་ཞབས་བྲོ་ཞིག་གིས་སྣ་དྲངས་ཏེ་དུས་སྟོན་གྱི་མགོ་བརྩམས།
བྱ་དགའི་གཟེངས་བསྟོད་ནི་མ་འོངས་པའི་སྐུལ་ལྕག་ཡིན།
ཕྱིས་སུ་སྨྲ་ལྕེར་ཀློང་བརྡོལ་བའི་མདོ་འཛིན་པ་གཉིས་ཀྱི་མགོ་རྩོམ་ཁྱབ་བསྒྲགས་བརྒྱུད་དེ་སློབ་གཙོ་བསོད་ནམས་རྡོ་རྗེ་ཡིས་དུས་སྟོན་དང་གཟེངས་བསྟོད་ཐོབ་པའི་མི་སྣར་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་གསུང་བཤད་གལ་ཆེན་གནང་། རིམ་པ་བཞིན་གཟེང་བསྟོད་བྱ་དགའ་སྟེར་བའི་བར་གསེང་དུ་ལོ་རིམ་སོ་སོའི་དགེ་རྒན་དང་སློབ་གྲོགས་རྣམ་པའི་ངོ་མཚར་ཡིད་འགུག་གི་རིག་རྩལ་སྣ་ཚོགས་ཀྱིས་འཁྲུག་ཆ་ཅན་དང་དགའ་སྣང་འཕེལ་བའི་ཚ་རླབས་འཕྱུར་དུ་བཅུག
དུས་ཆེན་བསུ་བའི་དགེ་རྒན་ཚོའི་གར་ཉམས།
ཐེངས་འདིའི་གཟེངས་བསྟོད་བྱ་འགུལ་སྟེང་དུ་ཁུལ་རིམ་པའི་ཕུལ་བྱུང་དགེ་རྒན་དང་རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དང་འཛིན་བདག སློབ་གྲྭ་རིམ་པའི་ཕུལ་བྱུང་དགེ་རྒན་དང་སྔོན་ཐོན་ལས་ཀ་བ། ཕུལ་བྱུང་འཛིན་བདག ཕུལ་བྱུང་ཏང་མི་སོགས་བྱ་དགའི་རྣམ་གྲངས་བཅུ་ལྷག་གནང་ཞིང་། ལྷག་པར་ཉིས་སྟོང་བཅུ་བཞི་ལོའི་འབྲིང་རྒྱུགས་བྱ་བའི་ཁྲོད་རྒྱུགས་སྐར་མཐོན་པོ་བླངས་པའི་བསླབ་ཁག་རེ་འགའི་དགེ་རྒན་དང་སློབ་གྲོགས་ཚོ། ད་དུང་དེ་དག་གི་ཁྱིམ་བདག་རྣམས་གདན་ཞུ་བྱས་ནས་རྟིང་སྐུལ་བྱ་དགའ་དང་མཚན་སྙན་དཔང་ཡིག་གནང་བའི་ཁར། སློབ་གྲྭའི་སློབ་མ་ཡོངས་ཀྱིས་ཀྱང་འབྲས་བཟང་བླངས་པའི་སློབ་གྲོགས་རྣམ་པར་སློབ་སྦྱོང་བྱ་དགོས་པའི་ཁ་ཏ་སློབ་གསོའི་སྐུལ་མ་ཡང་ཡང་གནང་། ཉིན་དེའི་གོ་སྐབས་དང་བསྟུན་ནས་ཞིང་ཆེན་རིམ་པའི་ཆུང་འབྲིང་སློབ་མའི་རི་མོ་བརྩམས་ཆོས་འགྲན་བསྡུར་ཁྲོད་ཐུན་མོང་བྱ་དགའ་ཨང་དང་པོ་དང་མི་སྒེར་ལ་གསེར་དངུལ་ཟངས་ཀྱི་བྱ་དགའ་ཐོབ་པའི་དགེ་སློབ་རྣམས་ལ་སྐུལ་སློང་གི་ཚུལ་དུ་སློབ་གྲྭས་ཀྱང་བྱ་དགའ་འོས་འཚམ་རེ་གནང་ནས་རི་མོའི་སྒྱུ་རྩལ་གྱི་ལམ་བུར་སྙེག་པའི་འབོད་སྐུལ་ཚ་ནན་བྱས། མཇུག་མཐར་བཀྲ་ཤིས་དགའ་སྟོན་ཞེས་པའི་སྙན་མོའི་དབྱངས་དང་བདེ་མོའི་གར་གྱི་ཁྲོད་ནས་དུས་ཆེན་བསུ་བའི་བྱ་འགུལ་བདེ་ལེགས་ངང་མཇུག་བསྡུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com