མཚོ་ལྷོ་ཁུལ་འཇང་དགུན་ཆོས་ཚོགས་ཆེན་མོའི་གསལ་བརྡ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-10 09:16:00 ཀློག་གྲངས།:
     མདོ་སྨད་མཚོ་ལྷོ་ས་ཁུལ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སྤྱི་དང་།   ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སློབ་གཉེར་ཚུལ་བཞིན་མཛད་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་ཡོངས།     བྱེ་བྲག་ཏུ་རྒྱས་པའི་བསྟན་བཅོས་ཆེན་མོ་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་ཤེས་ནས་སྨྲ་བའི་དཔྱོད་ཡངས་རྟོག་གེ་པ་ཡོངས་ལ་གུས་ཞུ། 
     ཕྱི་ལོ2014ལོའི་སྤྱི་ཟླ9བའི་ཚེས11ཉིན།(ལུགས་རྙིང་གི་ཟླ8པའི་ཚེས18ཉིན)ནས་བཟུང་སྟེ་ཉིན་དགུ་ཙམ་ལ་མདོ་སྨད་མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་དེ་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་ལྷོ་འགྲམ་གྱི་སྒྲུབ་སྡེ་གྲགས་ཅན། གནས་མཆོག་ལྷ་མོ་དྲེལ་དགོན་པ་ནས་གཟབ་རྒྱས་ངང་ཚོགས་འཆར་ཡོད་པས་སྐུ་ཉིད་མཉམ་ཞུགས་དང་གཟིགས་ཞིབ་གནང་བ་བཅས་ལ་དངོས་ཕེབས་གནང་བར་དགའ་བསུ་ཡང་ཡང་ཞུའོ།།
     གཞན་ཡང་། མདོ་སྨད་མཚོ་ལྷོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ཡོངས་དང་།  ཁྱད་པར་དུ་གསེར་ཆེན་རྫོང་སྐྱིད་ཉིན་ལུང་འབྲོག་སྡེ་ཆེན་མོའི་དད་ལྡན་མཇལ་བ་རྣམས་ཐེངས་འདིའི་འཇང་དགུན་ཆོས་འཚོགས་ཆེན་མོའི་དྷཱིཿསྐད་ཀྱི་རླབས་སྒྲ་མཁའ་ལ་མཆེད་པའི་གོ་སྐབས་དང་བསྟུན་ནས་དུས་ལྟར་མཆོད་མཇལ་དུ་ཕེབས་པར་ཡང་དགའ་བསུ་ཞུ་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།