བོད་ལྗོངས་སུ་སློབ་སྐབས་གསར་བར་འགན་གསུམ་དང་སློབ་གསོའི་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་།
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་སྟོན་དུས་སློབ་སྐབས་མགོ་བརྩམས་པ་ནས་བཟུང་། བོད་ལྗོངས་སུ་འགན་གསུམ་དང་སློབ་གསོའི་རོགས་དངུལ་གྱི་ཚད་གཞི་སྒོར200མཐོ་རུ་བཏང་།
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་འགོ་གཙོ་མཱ་ཧྲིན་ཁྲང་གིས་མཚམས་སྦྱོར་གནང་བ་ལྟར་ན། 2014ལོའི་སྟོན་དུས་སློབ་སྐབས་གསར་བ་མགོ་བརྩམས་པ་ནས་བཟུང་། བོད་ལྗོངས་སུ་འགན་གསུམ་མ་དངུལ་གྱི་ཚད་གཞི་ནི། སློབ་ལོ་རེར་སློབ་མ་སོ་སོར་རིགས་གཉིས་ཁུལ་དུ་སྒོར2800དང་། རིགས་གསུམ་ཁུལ་དུ་སྒོར2900། རིགས་བཞིའི་ཁུལ་དང་མཐའ་འཁོར་རྫོང་དུ་སྒོར3000བཅས་ཡིན་ཞིང་། དེ་ལས་མ་དངུལ90%ནི་སློབ་མའི་བཟའ་བཏུང་གི་འཚོ་བར་སྤྱོད་པ་ཡིན།
1985ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་འོས་འགན་སློབ་གསོའི་སྐབས་ཀྱི་རོང་འབྲོག་མང་ཚོགས་ཀྱི་བྱིས་པར་བཟའ་བཏུང་དང་། སྡོད་གནས། སློབ་སྦྱོང་མ་དངུལ་བཅས་ཀྱི་འགན་གསུམ་སྲིད་ཇུས་ལག་བསྟར་བྱས་ཤིང་། སྔ་གཞུག་ཏུ་ཐེངས12ལ་མ་སློབ་གསོ་རོགས་སྐྱོར་མ་དངུལ་གྱི་ཚད་གཞི་ཇེ་མཐོར་བཏང་། 2007ལོར་བོད་ལྗོངས་ཀྱིས་རྒྱལ་ཡོངས་སུ་སྔོན་ལ་ལོ་དགུའི་འོས་འགན་སློབ་གསོ་མངོན་འགྱུར་བྱས་པ་དང་། 2012ལོར་ཡང་རྒྱལ་ཡོངས་སུ་སྔོན་དུ་ལོ་བཅོ་ལྔའི་རིན་མེད་སློབ་གསོ(སློབ་སྔོན་སློབ་གསོ་ལོ3དང་། སློབ་ཆུང་ལོ6། དམའ་འབྲིང་ལོ3། མཐོ་འབྲིང་ལོ3)མངོན་འགྱུར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com