དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་དེབ་གཉིས་གསར་དུ་ཐོན་ཡོད་པ།
ལོ་འགའི་སྔོན་དུ། རེབ་གོང་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཚེ་ལོ་རྒྱལ་གྱིས་བརྩམས་ཤིང་འགྲེམ་སྤེལ་བྱས་མྱོང་བའི་དམའ་འབྲིང་གྲངས་རིག་སྐོར་གྱི་དཔེ་ཆ་དག་ལ་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཅིང་། ཕྱོགས་དང་ཕྱོགས་ཀྱི་དགེ་སློབ་མང་པོ་ཞིག་གི་རེ་འདུན་བཏོན་པ་ལྟར། ད་ལོར་ཡང་སྔོན་གྱི་དཔེ་དེབ་དག་གི་ལེགས་ཆ་གཅིག་བསྡུས་དང་ཆད་པ་ཁ་སྐོང་བྱས་ཏེ། དམའ་འབྲིང་གི་གྲངས་རིག་སྦྱང་གཞིའི་ཐད་ཀྱི་དཔེ་དེབ་གཉིས་གསར་དུ་བསྐྲུན་ཡོད་པས། གྲངས་རིག་གི་ཤེས་བྱ་བདེ་ལེགས་ཀྱིས་ཁོང་དུ་ཆུད་འདོད་པ་དང་། སྒོས་སུ་མཐོ་འབྲིང་ལ་སྐར་འབྲས་བཟང་བོ་ཞིག་ལེན་འདོད་པ་རྣམས་ལ་ཕན་ཐོགས་མི་དམན་པ་ཡོད་ཅེས་སྔོན་ཆད་བཀོལ་མྱོང་བའི་དགེ་སློབ་ཀུན་གྱིས་མགྲིན་གཅིག་ཏུ་གླེང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com