བོད་ལྗོངས་དམངས་ཁྲོད་ཞབས་བྲོའི་རིམ་ཚད་རྒྱུག་ལེན་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-20 11:06:00 ཀློག་གྲངས།:

བྲོ་གར་འཁྲབ་པ།
བོད་རང་སྐྱོང་ལྗོངས་ཀྲུང་གོ་མི་རིགས་དམངས་ཁྲོད་ཞབས་བྲོའི་རིམ་ཚད་རྒྱུག་ལེན་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་བསྡུས།

     ཟླ8པའི་ཚེས8ནས་ཚེས15བར། བོད་རང་སྐྱོང་ལྗོངས་བུད་མེད་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན། ཁྱིམ་ཚང་སློབ་གསོ་སློབ་ཚོགས་བཅས་མཉམ་འབྲེལ་གྱིས་སྒྲུབ་པའི་བོད་རང་སྐྱོང་ལྗོངས་ཀྲུང་གོ་མི་རིགས་དམངས་ཁྲོད་ཞབས་བྲོའི་རིམ་ཚད་རྒྱུག་ལེན་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་དང་པོ་བསྡུས་ཤིང་། ལྷ་ས་གྲོང་ཁྱེར་དང་ཁྲིན་ཀོན་ཁུལ་གྱི་འབྲེལ་ཡོད་སློབ་ཆུང་དང་བྱིས་སྐྱོང་ཁང་སོགས་ཀྱི་སློབ་གྲྭ32ཀྱི་རྐང་འཛིན་བྲོ་གར་དགེ་རྒན40ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས།


བྲོ་གར་འཁྲབ་པ།

     ཐེངས་འདི་ནི་ཁྱིམ་ཚང་སློབ་གསོ་སློབ་ཚོགས་ཀྱིས་ད་ལོར་སྒྲུབ་པའི་གལ་ཆེ་བའི་བྱ་བའི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཁག་གི་སྒྱུ་རྩལ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སྤུས་ཚད་སློབ་གསོའི་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བྱིས་པའི་བྲོ་གར་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྱིས་པའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་བ་དེ་ཡིན། དེ་ཡང་ཐེངས་འདིའི་འཛིན་གྲྭ་བདེ་བླག་ངང་སྤེལ་བར། ཁྱིམ་ཚང་སློབ་གསོ་སློབ་ཚོགས་ཀྱིས་ཆེད་དུ་པེ་ཅིང་བྲོ་གར་ཆེད་མཁས་པ་གདན་དྲངས་པ་མ་ཟད། མི་རིགས་ཀྱི་དམངས་ཁྲོད་བྲོ་གར་གྱི་གཞུང་ལུགས་བཀོད་སྒྲིག་གནང་བ་དང་ཆབས་ཅིག དངོས་སྤྱོད་བྲོ་གར་གྱི་སྒྲིག་ཁྲིད་ནུས་རྩལ་བསླབ་ཁྲིད་སློབ་སྦྱོང་བྱེད་པ་ཡིན།


བོད་རང་སྐྱོང་ལྗོངས་ཀྲུང་གོ་མི་རིགས་དམངས་ཁྲོད་ཞབས་བྲོའི་རིམ་ཚད་རྒྱུག་ལེན་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་བསྡུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།