ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-08 11:19:00
ཀློག་གྲངས།:
ཉེ་ལམ། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་དུ་བསྡུས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཡོན་ཀྲང་གཞོན་པ་ཧྲིན་ཏེའུ་ཡུན། ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་གྱི་ཧྲུའུ་ཅི་ཏིན་ཤོའོ་ཀང་མཛད་སྒོར་ཞུགས་ཏེ་གཏམ་བཤད་གནང་བ་མ་ཟད་ལྷན་གྱིས་གནས་གཞིའི་སྒོ་བྱང་བཀལ་ལ། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་བསོད་དར་གྱིས་མཛད་སྒོར་མདོ་འཛིན་གནང་།
ཧྲིན་ཏེའུ་ཡུན་གྱིས་བསྟན་དོན། བོད་རྒྱ་སྐད་གཉིས་འདྲི་གཅོད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་ཤུགས་སྣོན་བྱེད་པ་ནི་བོད་ཁུལ་ཁྲིམས་ཁང་གི་རུ་དཔུང་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བྱ་བ་ཡིན་ཞིང་། ཁྲིམས་ལྟར་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་གཏུག་བཤེར་ཁེ་དབང་འགན་སྲུང་དང་། དོན་དངོས་ཐོག་མི་རིགས་ས་ཁུལ་འཆམ་མཐུན་བདེ་འཇགས་ཡོང་བར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཡོངས་ཀྱི་ཐོག་དང་པོའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་གནས་གཞི་འཛུགས་སྐྲུན་ལེགས་འགྲུབ་ལས་ཆུ་ཚད་མཐོ་ཞིང་བྱང་ཆ་ལྡན་པའི་ངང་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་གྱོད་གཞི་རྩད་ཞིབ་བྱེད་པའི་ཁྲིམས་དཔོན་རུ་དཔུང་འཛུགས་པར་ནུས་པ་ཆེན་པོ་ཐོན།
ཏིན་ཤོའོ་ཀང་གིས་བསྟན་དོན། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་བོད་ལྗོངས་གསོ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བ་འདིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་ཁྲིམས་ཁང་བྱ་བར་མཐོང་ཆེན་དང་ཡིད་རྟོན། རྒྱབ་སྐྱོར་ཆེན་པོ་གནང་བ་མཚོན་ཞིང་། བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་བྱ་བར་ད་ནས་བཟུང་འགན་སྲུང་བརྟན་པོ་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།