སྐབས་བཅུ་བའི་རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་བིས་མདོ་ནས་བསྡུས།
ཞོན་ཧྭ་བིས་མདོ་ས་ཆའི་མང་ཚོགས་ཀྱིས་ཚོགས་ཞུགས་པ་རྣམས་ལ་བསུ་མ་བྱེད་ཀྱིན་པ།
ངོ་མཚར་ཀུན་གཟིགས་སློབ་གླིང་།
ཀྲུང་གོ་གཏན་ཚིགས་རིག་པའི་ཚོགས་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་ཀུན་གཟིགས་ངོ་མཚར་ཚད་མའི་སློབ་གླིང་གིས་འགན་སྒྲུབ་མཛད་པའི་སྐབས་བཅུ་བའི་རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ8པའི་ཚེས1ཉིན་ཞོན་ཧྭ་རྫོང་གི་བིས་མདོ་ན་ཡོད་པའི་ངོ་མཚར་ཀུན་གཟུགས་སློབ་གླིང་ནས་བསྡུས།
ཡུལ་དངོས།
ཡུལ་དངོས།
ཐེངས་འདིའི་ཚོགས་འདུར་རྒྱལ་ནང་གི་ཚད་མ་རིག་པའི་ཆེད་མཁས་པ་རྒན་པ་མང་པོ་དང་ཞང་ཀང་སོགས་སློབ་ཆེན་ཁག་གི་ཚད་མའི་ཞིབ་འཇུག་པ་མང་པོ་གདན་ཞུ་གནང་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ལགས་དོར་ཞི། ཀུན་གཟིགས་ངོ་མཚར་སློབ་གླིང་གི་གླིང་གཙོ་ཨ་ལགས་སྒར་བ། དེ་མིན་བླ་བྲང་དང་སྐུ་འབུམ། བིས་མདོ་དགོན་པ་སོགས་ནས་ཕེབས་པའི་དགེ་བཤེས་མང་པོ་དང་། ཀྲུང་གོ་བོད་རིག་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་ཆེན་དང་དགེ་ཐོན་སློབ་ཆེན་སོགས་ནས་ཕེབས་པའི་ཆེད་མཁས་པ་བརྒྱ་ལྷག་ཞུགས་ནས་རྒྱ་བོད་ཚད་མ་རིག་པའི་ཕྱོགས་ནས་བགྲོ་གླེང་རྒྱ་ཆེར་མཛད།
ངོ་མཚར་ཀུན་གཟིགས་སློབ་གླིང་གི་གྲྭ་བ་རྣམས་ཀྱིས་ཡུལ་དངོས་ན་རྟག་གསལ་འཕེན་གྱིན་པ།
ཚོགས་འདུ་ལ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་བན་ཁོ་ཡིས་མགོ་འཛིན་མཛད་པ་དང་། ཨ་ལགས་རིན་ཆེན་རྣམ་རྒྱལ་དང་ཨ་ལགས་དོར་ཞི། ཨ་ལགས་སྒར་བ། ཀྲུང་གོ་གཏན་ཚིགས་རིག་པའི་ཚོགས་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་དགྲ་འདུལ་སོགས་ཀྱིས་གཏམ་བཤད་གལ་ཆེན་གནང་།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་ཆེད་མཁས་པ་དགེ་རྒན་བློ་བཟང་ཆོས་གྲགས་སོགས་མི་བདུན་གྱིས་དཔྱད་རྩོམ་སྒྲོག་སྦྱོང་བྱས་པ་དང་། ཡུལ་དངོས་ནས་ཀུན་གཟིགས་ངོ་མཚར་སློབ་གླིང་གི་གྲྭ་བ་རྣམས་ཀྱིས་བོད་རང་གི་སྲོལ་རྒྱུན་ལྟར་རྟག་གསལ་བཏང་པར་ཆེད་མཁས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
ཚོ་ཆུང་བགར་ཏེ་བགྲོ་གླེང་གནང་གྱིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་སུ་གཟིགས་སྐོར་མཛད་ཀྱིན་པ།
ཚོགས་ཐོག་ཏུ་ཀྲུང་གོ་གཏན་ཚིགས་རིག་པའི་ཚོགས་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚད་མའི་གསོ་སྦྱོང་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གཏན་ཚིགས་རིག་པའི་རམ་འབྱམས་སློབ་མའི་དངོས་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་གཉིས་ཀུན་གཟུགས་ངོ་མཚར་སློབ་གླིང་དུ་བཀལ།
ཚོགས་ཞུགས་པ་རྣམས་ཀྱི་མཉམ་པར།
ཚོགས་འདུའི་སྟེང་ཚོ་ཆུང་བཞི་རུ་བགར་ནས་རྒྱ་བོད་མཁས་པའི་ཚད་མ་རིག་པའི་ཞིབ་འཇུག་གི་གནས་བབ་དང་མི་འདྲ་ས། མ་འོངས་གོང་འཕེལ་གཏོང་སྟངས་སོགས་ཀྱི་ངོས་ནས་བགྲོ་གླེང་རྒྱ་ཆེར་མཛད། བགྲོ་གླེང་གྲོལ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་གཞིས་དང་བིས་མདོ་དགོན་པ། སྐུ་འབུམ་དགོན་པ། ཀྲུང་གོའི་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་། ཙོང་ཁ་དགོན་པ་སོགས་སུ་གཟིགས་སྐོར་མཛད། སྤྱི་རྩིས་ཀྱི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་གནའ་མཁར་ཟི་ལིང་ན་ཡོད་པའི་ཙོང་ཁ་དགོན་པའི་འདུ་འཛོམས་ཁང་དུ་ཚོ་ཆུང་གི་ཚོགས་གཙོ་དག་གིས་རང་རང་གི་ཚོ་ཆུང་གི་བགྲོ་གླེང་མཛད་པའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་ཀྲུང་གོ་བོད་རིག་པའི་འགན་ལེན་གནང་རྒྱུ་ཐག་གཅོད་བྱས་རྗེས་ཐེངས་འདིའི་བགྲོ་གླེང་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com