མཚོ་སྔོན་གྱི《གེ་སར》ཕུལ་བྱུང་སྒྲུང་པའི་སྒྲུང་བཤད་འདུ་ཚོགས་དང་རིག་གཞུང་གྲོས་ཞིབ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-02 09:11:00 ཀློག་གྲངས།:
  ཉེ་ཆར། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་མི་རིགས་སྒྱུ་རྩལ་དར་སྤེལ་དུ་གཏོང་བ་ཞེས་པའི2014ལོའི་མཚོ་སྔོན་ཞིང་ཆེན་གྱི《གེ་སར》ཕུལ་བྱུང་སྒྲུང་པའི་སྒྲུང་བཤད་འདུ་ཚོགས་དང་རིག་གཞུང་གྲོས་ཞིབ་ཚོགས་འདུ་མཚོ་སྔོན་ཙོང་ཁ་རྫོང་ཁྱུང་རྒྱ་ཡུལ་ཚོ་རུ་བསྡུས་པ་རེད།
       གྲོས་ཞིབ་ཚོགས་འདུའི་སྟེང་པེ་ཅིང་དང་། ཀན་སུའུ། མཚོ་སྔོན་སོགས་ནས་ཡོང་བའི་ཆེད་མཁས་རྣམས་ཀྱིས་གེ་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ཀྱི་གནད་དོན་གལ་ཆེན་དག་ལ་བགྲོ་གླེང་གནང་ཞིང་། དམངས་ཁྲོད་ཀྱི་ཕུལ་བྱུང་སྒྲུང་པ་རྣམས་ཀྱིས་ས་ཁུལ་མི་གཅིག་པ་དང་མི་རིགས་མི་གཅིག་པ། རྣམ་པ་མི་གཅིག་པའི་གེ་སྒྲུང་གི་སྒྲུང་བཤད་སྒྱུ་རྩལ་ཡུལ་དངོས་སུ་འཁྲབ་སྟོན་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་བ་དང་ཕུལ་བྱུང་སྒྲུང་པ་གཅིག་ཏུ་འདུས་པའི་གེ་སྒྲུང་སྒྲུང་བཤད་སྤྲོ་ཚོགས་ཤིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་གེ་སྒྲུང་མྱུར་སྐྱོབ་དང་ལེགས་སྒྲིག དཔེ་སྐྲུན། གྲོས་ཞིབ་བྱས་པའི་རིག་གཞུང་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རེད།
       གྲོས་ཞིབ་ཚོགས་འདུའི་སྟེང་ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྲུང་པ་རྣམས་ལ་གེ་སྒྲུང་གི་ཕུལ་བྱུང་སྒྲུང་བཤད་སྒྱུ་རྩལ་པའི་འཛིན་ཡིག་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།