མཚོ་སྔོན་གྱི་བོད་སྨན་དགེ་རྒན་དཀོན་མཆོག་རྒྱལ་མཚན་གྱིས་ཨ་རི་ནས་བོད་ལུགས་གསོ་རིག་གི་བསླབ་ཚན་བཙུགས་པ།
དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས།
རྒྱུས་ལོན་བྱུང་བ་ལྟར་ན་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་ཨ་རིའི་ཝར་ཇི་ནེའུ་སློབ་ཆེན་དུ་འདེམ་སྦྱོང་བསླབ་ཚན་གྱི་ཚུལ་དུ་བོད་ལུགས་གསོ་རིག་གི《རྒྱུད་བཞི》ལས་རྩ་རྒྱུད་སློབ་ཁྲིད་བྱེད་རྒྱུ་ཡིན་ཞིང་། ད་ལོའི་སློབ་སྐབས་ནི་ཟླ7པ་ནས་ཟླ9པའི་བར་ཡིན་པ་དང་། འཆར་གཞི་ལྟར་ན་གཟའ་འཁོར་བརྒྱད་ལ་འཁྲིད་རྒྱུ་ཡིན་ལ། 2015ལོ་ནས་སློབ་ཁྲིད་ཀྱི་དུས་ཚོད་ཁ་སྣོན་བྱ་རྒྱུ་རེད།
དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ནི་མཚོ་སྔོན་ཁྲི་ཀ་ནས་སྐྱེས། 1981ལོར་མཚོ་སྔོན་སྐུ་འབུམ་དགོན་དུ་རབ་བྱུང་བསྒྲུབས་ནས་བོད་ལུགས་གསོ་རིག་གི་གཞུང་ལུགས་ལ་སློབ་གཉེར་གནང་། 1992ལོར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྒྱུག་འཕྲོད་ནས་སྐར་རྩིས་དང་སྒྲ་རིག་པ་སོགས་གཙུག་ལག་རིག་གནས་ལ་སྦྱོང་བ་ལྷུར་ལེན་མཛད་ཅིང་། 2010ལོར་ཨ་རིའི་ཝར་ཇི་ནེའུ་སློབ་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་རིག་པ་ཞེས་པའི་ཆེད་ལས་ཀྱི་འབུམ་རམས་པའི་ཡོན་གནས་བླངས་ལ། ཁོང་ཉིད་ཀྱིས་རྒྱ་བོད་དབྱིན་བཅས་ཡིག་རིགས་གསུམ་ཁོང་བྱན་ཆུད་པར་སྦྱངས།
མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་གི་གླིང་གཙོ་ཀླུ་བྱམས་རྒྱལ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་ཡོ་རོབ་གླིང་དུ་བོད་ལུགས་གསོ་རིག་གི་སྨན་ཁང་དང་བོད་ལུགས་གསོ་རིག་མཐུན་ཚོགས་བརྒྱ་ཕྲག་ལྷག་ཕྱེས་ཡོད་པར་མ་ཟད། རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་རིག་གཞུང་ཚོགས་འདུ་ཐེངས་མང་པོར་ཚོགས་ལ། ད་ལྟ་ཨ་རིའི་སྙན་གྲགས་ཆེ་བའི་སློབ་ཆེན་ཁག་ཏུ་བོད་ལུགས་གསོ་རིག་ཞིབ་འཇུག་བྱེད་པའི་སྡེ་ཁག་མང་དུ་ཕྱེས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com