བོད་ཡིག་རིག་གཞུང་དུས་དེབ་ཀྱི་གཅིག་བསྡུས་དཔྱད་འཇོག་མ་ལག་བསྐྲུན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-25 10:02:00 ཀློག་གྲངས།:
     ཟླ7པའི་ཚེས16ཉིན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། ནུབ་བྱང་མི་རིགས་སློབ་ཆེན།  ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་བོད་རིག་པའི་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་གཉིས་པ་ལན་གྲུ་རུ་བསྡུས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་ནི་བོད་རིག་པའི་དུས་དེབ་མཉམ་རྒྱས་དང་། བོད་རིག་པའི་དུས་དེབ་གྲངས་འཛིན་ཅན་གྱི་སྟེགས་བུ་བསྐྲུན་པ་ཞེས་པ་དེ་ཡིན།
     ཚོགས་ཞུགས་ཆེད་མཁས་པས་བོད་ཡིག་རིག་གཞུང་དུས་དེབ་ལ་དཔྱད་འཇོག་མ་ལག་དཀོན་པ་དང་། བོད་རིག་པའི་ཆེད་སྤྱོད་བརྡ་ཆད་བཀོལ་སྤྱོད་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཅིང་། བོད་ཡིག་རིག་གཞུང་དུས་དེབ་ཀྱི་མགོ་རྩོམ་པ་འཕྱིས་ལ། གཅིག་བསྡུས་ཀྱི་རིག་གཞུང་དཔྱད་འཇོག་མ་ལག་ཅིག་གྲུབ་མེད་པ་དང་།  འདིས་བོད་རིག་པའི་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད། 《བོད་ལྗོངས་སློབ་ཆེན་གྱི་སློབ་རའི་ཚགས་པར》གྱི་གཙོ་སྒྲིག་པ་ལྷག་པ་ཚེ་རིང་གིས་བཤད་རྒྱུར། བོད་རིག་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་དཔྱད་འཇོག་མ་ལག་ཅིག་འཛུགས་པ་ནི་བོད་ཡིག་རིག་གཞུང་དུས་དེབ་ཚན་རིག་སྒོས་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་ཡིན་པ་དང་། བོད་རིག་པའི་ཆེད་སྤྱོད་བརྡ་ཆད་ཀྱི་ཚད་ལྡན་ཅན་ལ་ཤུགས་སྣོན་བྱས་ན་ཀྲུང་གོའི་བོད་རིག་པ་བདེ་ཐང་འཕེལ་རྒྱས་འབྱུང་བར་རིག་གཞུང་གི་རྨང་གཞི་ལེགས་པོ་བཏིངས།
     《ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དབྱང་ཧྲི་ཧོང་གིས་བཤད་རྒྱུར། གྲངས་མཛོད་ཆེན་མོའི་རྒྱབ་ལྗོངས་འོག བོད་རིག་པའི་དུས་དེབ་དང་།  བོད་ཡིག་ཡིག་ཚངས་ཐོན་ཁུངས་གྲངས་འཛིན་ཅན་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བ་ནི་བོད་རིག་པའི་ཞིབ་འཇུག་དེ་མ་འོངས་པར་བསྐྱོད་པའི་དུས་རབས་ཀྱི་གདམ་ཀ་ཞིག་ཡིན་པ་མ་ཟད། བོད་རིག་པའི་གཡུལ་ས་འཛིན་པ་དང་ཀྲུང་གོའི་བོད་རིག་པའི་སྐད་ཆའི་དབང་ཆ་ཁྱབ་ཆེར་གཏོང་བའི་ལམ་བུ་གལ་ཆེན་ཡང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།