ཤུལ་བཞག་རིག་གནས་གྲངས་འཛིན་ཅན་དུ་བསྒྱུར་པས་གེ་སར་སྒྲུང་དང་ཟློས་གར་དྲ་ཐོག་རིན་མེད་ཀྱིས་བལྟ་ཐུབ་ངེས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-27 09:55:00 ཀློག་གྲངས།:

  ཟླ6པའི་ཚེས25ཉིན། སྐབས38པའི་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་ཚོགས་ཆེན་མཇུག་བསྡུས་ཤིང་། ཀྲུང་གོའི་གཟུགས་ཅན་ཤུལ་བཞག་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་དེ་ཤུལ་བཞག་རིག་གནས་ཀྱི་རེ་ཞུའི་ཆོག་མཆན་ཐོབ་པ་དང་བརྒྱུད་ནས་འཛམ་གླིང་གི་ཁྱོན་དུ་མཚན་སྙན་རྒྱས་ལ། ཤུལ་བཞག་རིག་གནས་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་ཚུལ་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་པ་རེད།
  2011ལོའི་ཟླ6པའི་ཚེས11ཉིན། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དངོས་སུ་བཙུགས་པ་དང་། 2013ལོའི་ཟླ7པར་ལྷ་སའི་གྲངས་འཛིན་ཅན་གྱི་རིག་དངོས་སྲུང་སྐྱོབ་ལས་གྲྭ་ཡོངས་སུ་འགོ་བརྩམས་པར་བརྒྱུད། བོད་ལྗོངས་རིག་དངོས་སྲུང་སྐྱོབ་བྱ་བ་དེ་གྲངས་འཛིན་ཅན་གྱི་དུས་རབས་སུ་བསྐྱོད་ཐུབ།
གཟུགས་འདས་ཤུལ་བཞག་རིག་གནས་བྱ་བ་འགོ་བརྩམས་པ་ནས་བཟུང་། བོད་ལྗོངས་ཀྱིས་སྲོལ་རྒྱུན་གྱི་རོལ་དབྱངས་དང་། ཞབས་བྲོ། གསོ་རིག་སོགས་ཀྱི་སྒྲ་ཕབ་སྤྱིན་ཤོག་དང་བརྙན་ཕབ་སྤྱིན་ཤོག་སོགས་མང་དུ་བསྡུ་ཉར་བྱས་ཤིང་། དེའི་མཚུངས་སུ་བོད་ཀྱི་ཟློས་གར་དང་གེ་སར་སྒྲུང་སོགས་ཀྱི་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་ཀ་ལེགས་འགྲུབ་བྱུང་།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།