ཡུན་ནན་སེམས་ཀྱི་ཉི་ཟླ་རུ་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ6པའི་ཚེས9ཉིན། ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་བོད་ཀྱི་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཡིག་རྨང་གཞིའི་འཛིན་གྲྭ་བསྡུས་ཤིང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཟླ་གཅིག་རིང་ལ་སྡུད་རྒྱུ་ཡིན་པ་དང་། བདེ་ཆེན་ཁུལ་གྱི་བོད་ཡིག་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། ཁྱོན་བསྡོམས་སློབ་མ50གསོ་སྦྱོང་ཁྲོད་ཞུགས་འདུག དེའི་ཁྲོད་སློབ་མ་ཆེས་ཆེ་བ་ལོ50ལྷག་དང་ཆེས་ཆུང་བ་ལོ7ཡིན་པ་རེད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་ཁ་ཕྱོགས་ནས། བདེ་ཆེན་ཁུལ་གྱི་རྨོངས་སེལ་བསླབ་གཞི་གཙོར་བྱས་ཏེ་སློབ་མ་རྣམས་ལ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་དང་། ཚིག་གི་སྦྱོར་སྟངས་སོགས་ཁྲིད་པར་མ་ཟད། བོད་ཀྱི་རིག་གནས་དང་། བོད་ལུགས་གསོ་རིག་ཤེས་བྱ། དམངས་སྲོལ་རིག་གནས་ཤེས་བྱ་སོགས་ཀྱི་འཆད་ཁྲིད་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com